R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 245b
[A:245b]མཉེས་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྟིང་ལ་ཁྱེད་ལས་མཁས་པ་མ་བྱུང་ངེས་པ་ཡིན། ང་ཡང་རྒྱ་གར་དུ་མ་བཏང་པས་ཡབ་མེས་གོང་མ་རྣམས་སྐུ་དྲིན་ཆེ་ལ་ཆུང་དུ་བྱུང་གསུངས་ནས་རྣམ་པ་ཀུན་
ཏུ་བསྔགས་པ་ཆེར་མཛད་པས་མཁས་པའི་གྲགས་པས་ཧོར་ཡུལ་ཚུན་ཁྱབ། འཕགས་པ་རིན་པོ་ཆེས་ཀྱང་རིག་པའི་གནས་འགའ་ཞིག་གསན། སོ་བདུན་པ་ལ་ལམ་དུའང་དགེ་བའི་བཤེས་གཉེན་དང་སྐྱེ་བོ་མང་པོའི་
དོན་མཛད་ཅིང་ལྟེའུ་རར་ཕེབས། ཕན་ཕྱིན་ཨ་བྷ་ཡ་ལུགས་དང་སྤྱོད་ཕྱོགས་དང་། ཏིང་ངེ་འཛིན་རྒྱལ་པོ་དང་། འཕགས་སྐོར་བདེ་དགྱེས་རྣམས་དུས་ཆོས་སུ་གནང་ཞིང་། གཞན་ཡང་དུས་འཁོར་སོགས་བཤད་
གྲྭ་དང་། དགོན་གདང་ཞེས་པར་ཐུགས་དམ་སྐྱོང་ཞིང་། རིམ་ལྔ་དང་སྦྱོར་དྲུག་གི་ཁྲིད་གྲྭ་བཙུགས། གཞི་འགྱུར་དང་འགྱུར་བཅོས་མང་པོ་མཛད་དེ་འགྲོ་ཕན་ཆེ་བར་མཛད་དོ༎ དེ་ནས་ལོ་གཉིས་ན་
ཁྲ་འབྲུག་ཏུ་ཆོས་འཁོར་བསྐོར་ཏེ་མཁས་བཙུན་དཔག་མེད་འདུས། དེ་ནས་བསམ་ཡང་སུ་ལྷ་བཀྲ་ཤིས་ལྔ་པོས་སྦྱིན་བདག་བྱས་ཆོས་འཁོར་བསྐོར། ལྷ་སར་ཇོ་བོ་རིན་པོ་ཆེ་ལ་དཀར་མེ་གསེར་ཆབ་