[A:246a]འབུལ་བ་ལ་ཐེགས་པའི་ལམ་དུ་པཎ་ཆེན་དཱ་ན་ཤཱི་ལ་ཡར་ཀླུངས་སྟག་ཚལ་དུ་མཇལ་བས་ཁྱོད་རྒྱ་གར་དུ་ཕྱིན་པས་མཁས་པ་ཆེན་པོའི་ཆེན་པོར་འདུག ང་བོད་དུ་བསྡད་པས་བ་ལང་དུ་སོང་ཞེས་བསྔགས་
པ་མཛད། ཆོས་ཀྱི་རྒྱལ་པོ་འཕགས་པ་དང་། ཧོར་རྒྱལ་པོ་གོ་སེ་ལ་ཡོན་མཆོད་ཀྱིས་དཔོན་ཤི་ཤ་ཐ་སྤྱན་འདྲེན་དུ་བཏང་བྱུང་ནའང་མ་བྱོན། སླར་ལྟེའུ་རར་བཞུགས་པའི་སྐབས་སུ་དཔོན་ཨེ་ལེབ་གན་དང་འཇུར་ན་གཉིས་
ལ་འཇའ་སོ་བསྐུར་ནས་སྤྱན་འདྲེན་དུ་བྱུང་བས་བྱང་སྙིང་འབྲུ་གསུམ་བར་དུ་བྱོན། དེ་ནས་ཞབས་བསྙུང་སྟེ། དཔོན་ཟིན་ཤེས་རབ་སྐྱབས་ལ་རྣམ་ཐར་ཡི་གེར་བཀོད་ནས་གནང་ནས་གཉལ་དུ་བྱོན། ཉེ་གནས་གཞོན་ནུ་
རྒྱལ་མཚན་གོང་དུ་བཏང་པ་ལ་འཇའ་སྭ་དངུལ་ཡིག་སྦྱིལ་བ་དང་བཅས་པ་གནང་། ང་ལྔ་པ་ལ་བཀྲ་ཤིས་སྒོ་མང་ཞེས་པ་བཏབ། དེར་རིམ་ལྔ་དང་སྦྱོར་དྲུག་སྒྲུབ་གྲྭ་བཙུགས་པས་ཐུགས་དམ་སྒོམ་སྡེར་གྲགས། རེ་གཅིག་པ་
ལ་ཐང་པོ་ཆེར་བཅོམ་ལྡན་རལ་གྲིས་ཐོག་དྲངས་མཁས་བཙུན་མང་པོ་ལ་འཕགས་སྐོར་སོགས་སྔགས་མཚན་ཉིད་ཀྱི་ཆོས་མང་དུ་གསུངས། ཐང་དུ་བླ་བྲང་བརྩིགས། བྱིང་ཨོ་དཀར་བྲག་ཏུའང་ཐུགས་དམ་མཛད། གདན་ས་ཐེལ་