R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 233a
[A:233a]ཅན་རས་ཀྱི་འགའ་ཕྱར་བ་རྣ་བས་པ་ལང་ཚོ་དར་ལ་བབ་པ་ཞིག་བྱོན་ནས། འདིར་ཞག་འགའ་བསྡོད་པ་མིན་གསུངས། དེར་སྒྲ་སློབ་པའི་བྲང་ཁང་གཅིག་ཏུ་བཞུགས་སུ་བཅུག་པས་
སྒྲ་སློབ་པ་བ་དེ་རྣམས་ན་རེ། རྣལ་འབྱོར་བ་འདི་ངོ་མཚར་ཅན་ཅིག་འོད་ཟེར་བླ་མས་སྤྱན་དྲངས་ཏེ། ཆོས་ཀྱི་གསུང་གླེང་བྱས་པས། གང་བྲིས་པ་ཐམས་ཅད་ཐོགས་པ་མེད་པར་བྱུང་བས། ཤ་ཝ་ར་ཡིན་པར་
དགོངས་ཏེ་ཡིན་ནམ་ཞུས་པས་མིན་གསུངས་པ་དང་། ཚོགས་ཀྱི་འཁོར་དང་མཎྜལ་ཕུལ་ཏེ། མདོ་རྒྱུད་ཐམས་ཅད་ཀྱི་བཅུད་བསྡུས་པའི་སྙིང་པོ་ཅིག་ཞུ་ཞེས་གསོལ་བས། སྦྱོར་བ་ཡན་ལག་དྲུག་གི་མན་
ངག་འདི་གནང་ནས་ང་འགྲོ་གསུངས། གར་གཤེགས་ཞུས་པས། ནུབ་ཕྱོགས་ཁ་ཆེར་འགྲོ་ལན་ཅན་གྱི་གདུལ་བྱ་ཡོད། དེ་ནས་དཔལ་གྱི་རི་ལ་འགྲོ་གསུངས་ནས་གཤེགས་ཏེ། ལར་སྠཾ་བི་ཧ་རར་
ཞག་ཉི་ཤུ་རྩ་གཉིས་བཞུགས་སྐད་དོ༎ པཎ་ཆེན་གྱིས་ཀྱང་བསྒོམས་པས་དངོས་གྲུབ་བརྙེས་ནས་གཞུང་ཆུང་ཡི་གེར་བཏབ། དེའི་དུས་འཁོར་བཤད་བཀའ་དང་ཁྱད་པར་མན་ངག་གི་བཀའ་འདི་དར་བ་