R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 232b
[A:232b]དེ་ནི་རྒྱ་གར་ཤར་ཕྱོགས་བ་རེནྟྲ་པ། སྒོས་ཛ་གདྷ་ལ་པ་ཡིན། རིགས་རྒྱལ་རིགས། མང་པོས་བཀུར་བའི་སྡེ་ལས་རབ་ཏུ་བྱུང་རིག་པའི་གནས་ལྔ་མཁྱེན། ཐེག་པ་ཆེ་ཆུང་གི་ཆོས་མ་ལུས་པ་ལ་སྦྱངས།
ཁྱད་པར་དུ་གསང་སྔགས་ལ་མཁས། བི་ཁྱ་ཏ་དེ་བ་དང་། ཤཱཀྱ་ཤྲཱི་དང་། ཆོས་འབངས་ལས་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་དང་བཅས་པ་གསན་ཅིང་མཁས་པར་མཁྱེན་ནས་རྒྱད་འགྲེལ་གྱི་མཚན་
མཛད། ཐོག་མར་འཇམ་དབྱངས་དང་། ཕྱིས་བདེ་མཆོག་དང་དུས་འཁོར་ལ་སོགས་པ་ཡི་དམ་གྱི་ལྷ་མང་པོའི་ཞལ་མཇལ། ཤཱཀྱ་ཤྲཱིའི་ཕྱག་ཕྱིར་བོད་དུ་བྱོན། སྲིན་པོ་རིར་བདེ་མཆོག་གི་སྐུ་བཞེངས། རྒྱ་གར་
དུ་ཐེགས་ནས་སླར་ཡང་བོད་དུ་ཕེབས། སྡོམ་གསུམ་འོད་ཕྲེང་མཛད། བོད་སྐད་ལ་ཤིན་ཏུ་བྱང་བས་འབྲིང་མཚམས་རྒྱ་བཏགས་གནས་སུ་ཉི་མ་དཔལ་ཡེ་ཤེས་ཀྱི་བརྗེད་བྱང་ལ་སོགས་པ་རང་འགྱུར་མང་པོ་བསྒྱུར། འགྲོ་
ཕན་ཆེ་བར་མཛད་ནས་བལ་པོར་བྱོན་ཏེ། ཡམ་བུའི་སྠཾ་བི་ཧ་ར་ཀ་བའི་གཙུག་ལག་ཁང་ན་བཞུགས་པའི་ཚེ། རྒྱ་གར་གྱི་རྣལ་འབྱོར་པ་རྦ་བ་ལ་ཀྲྀཥྣ་ས་རིའི་རྭ་དུང་བཅུག་པ། དེའི་ལྤགས་པའི་སྨད་དཀྲིས་