[A:234a]ཅན་མང་པོ་ལ་ཕན་ཐོགས་ཆེ་བར་མཆི་བས། ཅིས་ཀྱང་བོད་དུ་བྱོན་པ་ཅིག་ཐུགས་ལ་འདོགས་པར་ཞུ་ཞེས་པའི་ཞུ་ཡིག་དང་། ཡི་གེའི་རྟེན་དུ་པཎ་ཆེན་ལ་བེར་
ཐུལ་བཟང་བ་གཅིག པཎ་ཆུང་རྣམས་ལ་བོད་ཀྱི་ན་བཟའ་བཟང་བ་རེ་རེ། ཚུར་ལ་འབྱོན་པའི་ཆས་ཀ་དང་བཅས་པ་མི་བདུན་ལ་བཀུར་ཏེ་པཎ་ཆེན་གདན་འདྲེན་དུ་སྠཾ་བི་ཧ་རར་བཏང་ངོ་༎ དེ་ནས་པཎ་ཆེན་
འབྱོན་གྱི་ཡོད་ཅེས་པ་གཏམ་སླབ་བྱུང་བ་དང་། ཀོ་བྲག་པས་སྐྱི་རོང་ཐུག་བསུ་བ་ལ་བྱོན། ཕྱོགས་ཐམས་ཅད་དུའང་པཎ་ཆེན་འབྱོན་གྱི་ཡོད་ཅེས་པའི་གྲགས་པ་སྒྲོག་ཏུ་བཏང་། པཎ་ཆེན་རླངས་འཁོར་དུ་
ཕེབས་པ་དང་། བོད་ཀྱི་དགེ་བའི་བཤེས་གཉེན་མང་པོ་ཡང་འདུས། དེ་རྣམས་ལ་དུས་འཁོར་གྱི་དབང་རྒྱུད་བཤད་ཁྲིད་དང་བཅས་པ་གནང་། ཁྱད་པར་དུ་ཀོ་བྲག་པ། དཔྱལ་ཨ་མོ་གྷ། ཉོག་པོ་ཆོས་ལྡན།
ལྷོ་པ་ཚུལ་གཞོན། མར་སྟོན་གཡང་འབར། གཡུང་ཕུག་པ་རྒྱལ་མཚན་དགེ་བ། གཉལ་བ་མི་མཉམ་བཟང་པོ་སྟེ་སློབ་མ་དམ་པ་བདུན་པ་སྦྱོར་དྲུག་གི་གདམས་པ་རྫོགས་པར་གནང་། མི་མཉམ་