[A:234b]བཟང་པོས་དཔེ་མེད་འཚོའི་སྦྱོར་དྲུག་བསྒྱུར། གླང་གོར་དུ་དུས་འཁོར་གྱི་བཀའ་རྫོགས་པ་གསུམ་མཛད་པའི་རྗེས་སུ། པཎ་ཆེན་ལ་བསྙུང་དྲག་པོ་ཅིག་བྱུང་བ་ལ་ཀོ་བྲག་པས་གེགས་སེལ་མཛད་པས། པཎ་
ཆེན་མཉེས་ཏེ་ཀོ་བྲག་པ་ལ་ཡང་པཎ་ཆེན་གྱིས་ཆོས་གསན། ལར་པཎ་ཆེན་གྱིས་བོད་དུ་ལན་གསུམ་བྱོན་པའི་ཐ་མ་ཡིན། དེ་རེས་ཀྱང་སྲིན་པོ་ར་ཡན་ཆད་དུ་བྱོན་ཏེ། གཙང་རོང་དུ་རྗེ་བཙུན་
རྒྭ་ལོ་དང་། གཙང་སྟོད་དུ་ཀུན་མཁྱེན་ཆོས་སྐུ་བ་ལ་སྦྱོར་དྲུག་གནང་། རྒྱུས་པ་གཞོན་སེང་དང་ཞ་སྒོམ་རིན་སེང་ལ་ཡེ་ཤེས་སྤྱན་སྒྲུབ་སོགས་གདམས་པ་མང་པོ་གནང་། ཁྲིད་ཀྱི་སྒོ་ནས་གཞན་ཕན་
ཆེ་བར་མཛད་དེ་སློབ་མ་གྲུབ་ཐོབ་མང་དུ་བྱོན། པཎ་ཆེན་སླར་རྒྱ་གར་ལ་ཐེགས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པོ།། གྲུབ་ཐོབ་ཀོ་བྲག་པ། སློབ་མའི་ཐུབ་པོ་གྲུབ་ཐོབ་དུམ་བུ་ཀོ་བྲག་པ་ནི། ཡུལ་
དིང་རི། ཡབ་ལྡོང་རྒྱལ་གཡུང་དང་། ཡུམ་སྟོད་མོ་རྗེ་ལ་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་ལ་སྐུ་བལྟམས། བྲིས་ཀློག་རྩོལ་མེད་དུ་མཁྱེན། སེ་མིག་པ་ལས་དགེ་བསྙེན་མཛད། པཎ་ཆེན་