[A:236a]སོགས་ལས་སྔགས་མཚན་ཉིད་གཞུང་གདམས་ངག་མང་དུ་གསན། ཁྱད་པར་དུ་པཎ་ཆེན་བི་བྷཱུ་ཏི་ཙནྡྲ་རྒྱ་བཏགས་ནས་ཐར་པར་སྤྱན་དྲངས། སྐད་གཉིས་ཡི་གེ་དང་བཅས་པ་ལེགས་
པར་བསླབས། ཆོས་མང་དུ་གསན། ཕྱིས་པཎ་ཆེན་ཀོ་བྲག་པས་གདན་དྲངས་པའི་ཚེ་སྦྱོར་དྲུག་ལུགས་གཉིས་རྫོགས་པར་གསན་ཅིང་བསྒོམས་པས་གྲུབ་པ་བརྙེས། ཐར་པའི་གདན་སར་གདུལ་བྱ་
དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་ནས། རེ་བརྒྱད་པ་ལ་རྗེ་བཙུན་སེངྒེ་སྒྲས་ལུང་བསྟན་པ་ལྟར་འཇིག་རྟེན་གྱི་ཁམས་པདྨོ་ཅན་དུ་གཤེགས་པས་པདྨོ་ཅན་པ་ཞེས་གྲགས་སོ༎ དེ་ལ་ཐར་པའི་
མཁན་ཆེན་དཔལ་གཞོན་ནུ་ཡེ་ཤེས་ཀྱིས་ཆོས་བུམ་པ་གང་བྱོར་གསན། དེ་ལ་ཐར་ལོས་གསན་ཏོ༎ ཉེག་པོ་ཆོས་ལྡན། ཉེག་པོ་ཆོས་ལྡན་ནི་འཁྲུངས་ཡུལ་ལྷོ་པ། སྤྱིར་བླ་མ་མང་པོ་ལས་སྡེ་སྣོད་
ལ་ལེགས་པར་སྦྱངས། ཁྱད་པར་སེ་མོ་ཆེ་པ་དང་འཇམ་གསར་པ་ཡུན་རིང་དུ་བསྟེན་ནས་དུས་འཁོར་འབྲོ་ལུགས་མཁས་པར་མཁྱེན། བི་བྷཱུ་ཏི་ལ་ཁྲིད་གསན་ཅིང་བསྒོམས་པས་རྫོགས་རིམ་གྱི་ལྷ་གྲུབ་པོ༎ ལྷོ་གོ་ལུང་པ་གཞོན་ནུ་དཔལ།