R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 236b
[A:236b]ལྷོ་གོ་ལུང་པ་གཞོན་ནུ་དཔལ་ནི། ཉེག་པོ་ཆོས་ལྡན་ལ་དུས་འཁོར་འབྲོ་ལུགས། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་ལ་ཆག་ལུགས། ལོ་མཆོག་པ་ལའང་གསན་ཅིང་སྦྱངས་
པས་དུས་འཁོར་ལ་མཆོག་ཏུ་མཁས། ཀོ་བྲག་པ་དང་། གཡུང་ཕྱུག་པ་དང་། ཉེག་པོ་ཆོས་ལྡན་གསུམ་ལ་སྦྱོར་དྲུག་ལུགས་གཉིས་པོ་གསན་པས་ཉམས་རྟོགས་མཐར་ཕྱིན་ནས་མཁའ་སྤྱོད་
དུ་གཤེགས་སོ༎ ཐར་ལོ་ཙཱ་བ་ཉི་མ་རྒྱལ་མཚན། དེ་ལ་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གསན་ཏེ། དེ་ནི་དགེ་སློང་ངུར་སྨྲིག་འཛིན་པ་ཆེན་པོ། གངས་ཅན་གྱི་བླ་མ་རྣམས་ལས་སྡེ་སྣོད་དང་རྒྱུད་སྡེ་མང་
དུ་གསན་ཅིང་སྦྱངས། རོང་པ་ཤེར་སེང་ལ་དུས་འཁོར་རྭ་ལུགས་དང་། གོ་ལུང་པ་ལ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་མན་ངག་དང་། ཁྱད་པར་དུ་དཔེ་མེད་འཚོ་དང་ཤ་ཝ་རའི་གདམས་པ་འདི་
གཙོ་བོར་གསན། དཔལ་གཞོན་ནུ་ཡེ་ཤེས་ལ་དུས་འཁོར་གྱི་མན་ངག་དཔྱལ་ལུགས་དང་། ཤོང་བློ་བརྟན་ལ་ཡང་གསན་པ་ཆེར་མཛད། བལ་པོར་ལོ་བཅུ་གཉིས་སུ་སྦྱངས། རྒྱ་གར་