R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 22b
[A:22b]ཆེ་སྣ་ལྔ་ལས་གྲུབ་པའི་དཀྱིལ་འཁོར་གྱི་ཁང་པ་ཤིན་ཏུ་ཆེ་ཞིང་ཡངས་པའི་ནང་དུ། རིན་པོ་ཆེ་ལྔའི་རང་བཞིན་གྱི་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྲུ་
བཞི་པ། ཁང་པ་བརྩེགས་ལྔ་པ། སྒོ་དང་རྟ་བབས་བཅུ་གཉིས་པ། སྟེགས་བུ་དང་། རིན་པོ་ཆེའི་སྣམ་བུ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པ་དང་། བ་ཀུ་ལཱི་དང་། ཀྲ་མ་ཤྲཱི་ཥས་མཛེས་པ། སྐུའི་
དཀྱིལ་འཁོར་གྱི་ནང་གི་རྒྱར་འདོམ་བརྒྱ་པ། ཕྱི་རོལ་ཏུ་ས་ཆུ་མེ་རླུང་གི་ཁོར་ཡུག་བཞི་དང་རྡོ་རྗེའི་ཕྲེང་བས་བསྐོར་བ། རྡོ་རྗེའི་ཕྲེང་བ་ཕན་ཚུན་གྱི་རྒྱར་འདོམ་བཞི་བརྒྱ་པ་སྟེ། དེ་ཉིད་བཅུ་དྲུག་རྣམ་པར་
དག་པ་ལྷ་དྲུག་བརྒྱ་དང་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཀྱི་དཀྱིལ་འཁོར་བཞེངས་ཤིང་རྫུ་འཕྲུལ་བསྟན་ནས། སྲས་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་སེང་གེའི་ཁྲི་ལ་ཆོས་སྟོན་པ་པོར་དབང་བསྐུར་ཏེ་ལོངས་སྤྱོད་
རྫོགས་པའི་སྐུ་ཕྱག་ན་རྡོ་རྗེ་ཉིད་དུ་གཤེགས་སོ༎ རྡོ་རྗེ་སྙིང་པོས་ཀྱང་ཀྱཻ་རྡོ་རྗེའི་འགྲེལ་པ་མཛད་དེ་རྒྱལ་སྲས་རྣམས་ལ་བསྟན་ཞིང་། ལྷ་དབང་གིས་ཀྱང་ལོ་བརྒྱའི་བར་དུ་རྩ་བའི་རྒྱུད་འགྲེལ་བ་དང་བཅས་
པ་སྟོན་པར་མཛད་དེ། དེ་ནས་ལྷ་དབང་གི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་གཟི་བརྗིད་ཅན་དང་། དེའི་སྲས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བས་བྱིན་དང་། དེའི་སྲས་ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་