R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 22a
[A:22a]ཕྱག་རྡོར་གྱི་སྤྲུལ་པ་དྲང་སྲོང་འགྲོ་བ་དབུགས་འབྱིན་གྱིས་ཀྱང་དར་བར་མཛད་དོ༎ སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་རི་མ་ལ་ཡའི་རྩེ་མོར་ཕྱག་ན་རྡོ་རྗེ་དང་རིག་
འཛིན་རྣམས་ཀྱིས་གསང་སྔགས་བསྡུས་ཏེ་མདོ་དགོངས་འདུས་སོགས་བགྲོས་སོ༎ དེའི་ཚེ་རྒྱ་གར་ཤར་ཕྱོགས་སུ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་རབ་གསལ་ཟླ་བ་བྱུང་། དེ་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཏེ་རྒྱུད་སྡེ་རྣམས་གཏད། དེས་ཀྱང་དེ་ཉིད་འདུས་པ་སོགས་རྣལ་འབྱོར་གྱི་རྒྱུད་རྣམས་རྒྱ་ཆེར་སྤེལ་ལོ༎ ༎ ཁྱད་པར་དུས་འཁོར་རྒྱུད་ཇི་ལྟར་བསྡུས་ཚུལ། ཁྱད་པར་དུ་རྒྱལ་པོ་ཟླ་བ་བཟང་པོ་ནི་རྒྱུད་སྡེ་
རྒྱ་མཚོ་ཐོས་མ་ཐག་བྱང་ཤམྦྷ་ལར་བྱོན་ཏེ་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་རྒྱུད་མཐའ་དག་བསྡུས་ཤིང་། ཡུལ་དགུ་བཅུ་རྩ་དྲུག་པོ་སོ་སོའི་སྐད་ཀྱིས་གླེགས་བམ་དུ་བྲིས་ཏེ། རྩ་བའི་རྒྱུད་
མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པ་མཛད་ནས། གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་ཏེ་ལེགས་པར་བསྟན་པས། དེ་དག་
གིས་ཀྱང་མཉན་ཅིང་བཀླགས་ཏེ་རང་གི་སེམས་ལ་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་ཏོ༎ རྒྱུད་བསྟན་པའི་ལོ་གཉིས་པ་ལ་ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་ཚལ་གྱི་དབུས་སུ་རིན་པོ་