R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 244b
[A:244b]འཇལ་བྱེད་དཔག་བསམ་སྙེ་མ་དེང་འདིར་འཁྲུངས༎ སྐལ་ལྡན་རྣ་བའི་བདུད་རྩི་འཐུང་པས་དད་པའི་སྤུ་ལྡང་རང་གི་སྙིང་པོའི་ནུས་སྟོབས་རྒྱས་པར་འགྱུར་མིན་ནམ༎ དེ་ལྟ་ན་ཡང་རྡོ་རྗེའི་རྣ་ལྡན་སྔོན་ནས་ཞེན་པས་རང་གི་
ཟས་ལ་མངོན་པར་དགའ་བ་སུ་ཡིས་བཟློག། བླ་མའི་མཛད་པ་མཁའ་ལྟར་ཡངས་ལས་ཁབ་མིག་ནང་ཙམ་མི་ཤེས་བཞིན་དུ་འདིར་བརྗོད་པ༎ མགོན་པོ་རྣམས་དང་གཞན་ཡང་མཁས་པ་དག་གིས་བཟོད་ཅིང་
བདག་ལ་ལྷག་པར་དགྱེས་འགྱུར་ཏེ༎ འཇངས་པའི་ཚིག་དང་རྒྱུས་མི་འཚལ་ཡང་སྤྱི་བརྡོལ་ཅན་གྱི་བྱིས་པས་རང་གི་ཕ་མེས་ཀྱི༎ ངང་ཚུལ་སྨྲ་ལ་ཕ་དང་གཉེན་བཤེས་མགྲོན་པོ་རྣམས་ཀྱང་དེ་ཉིད་ལྷག་པར་
ཡིད་དུ་འོང་བ་བཟང་པོའི་ལུགས༎ ཇི་སྲིད་ས་གཞིའི་པདྨོ་དག་ལ་བཀོད་ལེགས་གླིང་བཞིའི་གེ་སར་རབ་རྒྱས་ལྷུན་པོའི་ཟེའུ་འབྲུ་མཛེས༎ འཛིན་པ་ཉི་ཟླ་བུང་བའི་ཟློས་གར་སྒྱུར་བྱེད་ཡ་མཚན་བསྐལ་
པའི་ཕྲེང་བ་ཇི་སྙེད་ཡོངས་སུ་དེ་སྲིད་དུ༎ བླ་མའི་རྟོགས་བརྗོད་ཨུཏྤལ་གསར་པ་མཐའ་དག་འགྲོ་བའི་རྣ་རྒྱན་དག་ལ་རྟག་ཏུ་འགོད་པ་ཐོབ་གྱུར་ཅིག། དེ་ཡིས་དེ་དག་དག་པའི་སར་བགྲོད་མི་ཟད་རྒྱན་