R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 244a
[A:244a]པ་འགྱུར་མེད་འདི་ནི་བཞི་པ་སྟེ། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ༎ ཞེས་པ་ལྟར་དབང་བཞི་པའི་དོན་རང་གི་
དེ་ཁོ་ན་ཉིད་མངོན་དུ་གྱུར་ནས་དེ་ཉིད་གཞན་ལ་འདོམས་པར་མཛད་པ་ཤ་སྟག་གོ། དེས་ན་ཆོས་འདིའི་གདམས་པ་ལ་ཞལ་ནས་བྱུང་བས་སྙན་རྒྱུད་དམ་བླ་མའི་ཞལ་གྱི་མན་ངག་ཅེས་བྱ་ལ། ཐུགས་
གཉིས་སུ་མེད་པའི་ཡེ་ཤེས་གཅིག་ནས་གཅིག་ཏུ་བརྒྱུད་པས་ནི་དོན་རྒྱུད་དམ་གྲུབ་པའི་རྒྱུད་ཅེས་ཀྱང་བྱ་སྟེ། རང་གི་དེ་ཁོ་ན་ཉིད་རིག་པར་མཛད་པ་པོ་ལ་རྩ་བའི་བླ་མའི་ཐ་སྙད་འཇོག་གོ། དེ་བས་ན་སྐལ་བ་དང་ལྡན་
པ་ཆེས་མྱུར་བར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དག་གིས་ནི་ཟབ་མོའི་ཆོས་འདི་ཉིད་ལ་བརྟེན་པར་བྱའོ༎ དཔག་བསམ་སྙེ་མ་ལས་བླ་མ་དམ་པའི་བརྒྱུད་པ་བར་མ་ཆད་པའི་ལེའུ་སྟེ་ལྔ་པའོ༎ ༎ ཐ་མར་དགེ་བ་མཇུག མཇུག་བྱང་།
མཁྱེན་པ་ཤེས་བྱའི་ཕ་མཐའ་ལ་འགྲན་སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་གསུང་གི་དགའ་སྟོན་གསར་པས་བསྐུལ་གྱུར་པས༎ བསམ་ཡས་ངོ་མཚར་དམ་པའི་ཡོན་ཏན་འཆི་མེད་དགའ་བའི་སྐྱེད་ཚལ་