[A:23b]བཞུགས་ནས། སྦོའི་༼དབོ་༽ཟླ་བའི་ཉ་ལ། ཚངས་པའི་དྲང་སྲོང་གི་གཙོ་བོ་ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཐམས་ཅད་བོས་ནས་བཀའ་སྩལ་པ། ཀྱེ་ཉི་མའི་ཤིང་རྟ་ལ་སོགས་
པ་ཚངས་པའི་དྲང་སྲོང་རྣམས། བདག་གི་ཚིག་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་ཉོན་ཅིག ཟླ་བ་ཕྱི་མ་ནག་པའི་ཉ་ལ་རིག་བྱེད་ཀྱི་གཞུང་གི་ངེས་པ་སྦྱོང་བར་བྱེད་པ་ཁྱེད་རྣམས་
ལ་རྡོ་རྗེ་ཐེག་པའི་བསྟན་པ་སྦྱིན་པར་བྱའོ༎ དེ་བས་ན་ཁྱེད་ཀྱི་ཡུལ་སྣ་ཚོགས་པའི་དབང་གིས་བྲམ་ཟེའི་རིགས་ཀྱི་སྤྱོད་པ་ཐ་དད་པ་རྣམས་བདག་ལ་སྟོན་ཅིག་ཅེས་བཀའ་སྩལ་པ། དེ་དག་ཕན་ཚུན་དུ་བརྟགས་
པ་ན། འགའ་ཞིག་བ་ལང་དང་མ་ཧེའི་ཤ་ཟ་བ་དང་། ཁ་ཅིག་ཆང་འཐུང་བ་དང་། ལ་ལ་མ་དང་སྲིང་མོ་ཆུང་མར་འཛིན་པ་སོགས་ཡུལ་གྱི་ཐ་སྙད་སྣ་ཚོགས་པའི་དབང་གིས་
ཕན་ཚུན་སྤྱོད་པ་མི་མཐུན་པར་ཤེས་ནས་ས་ལ་འགྱེལ་བར་གྱུར་ཏོ༎ དེ་ལྟར་གྱུར་པ་མིའི་དབང་པོ་གྲགས་པས་གཟིགས་ནས། སླར་ཡང་བཀའ་སྩལ་པ། བདག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་
ལོའི་དཀྱིལ་འཁོར་གྱི་ཁང་པ་འདིར་ཁྱེད་རྣམས་གཞུག་པར་བྱ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པར་བྱའོ༎ གཞན་ཡང་བདག་གིས་བཀས་ཁྱེད་རྣམས་ཀྱིས་རྡོ་རྗེའི་རིགས་དང་ལྷན་ཅིག་ཏུ་བཟའ་