[A:24a]བ་དང་བཏུང་བ་དང་བག་མ་བླང་བའི་འབྲེལ་པ་རྣམས་ཀྱང་བྱའོ༎ ཅི་སྟེ་ཁྱེད་རྣམས་ངའི་བཀའ་བཞིན་མི་བྱེད་པ་དེ་ལྟ་ན་བདག་གི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བོར་ལ་གང་དང་གང་དུ་ཁྱེད་
ཅག་མོས་པ་དེ་དང་དེར་ཁྱེད་རྣམས་སོང་ཅིག རྣམ་པ་གཞན་དུ་ན་ལོ་བརྒྱད་བརྒྱ་འདས་པའི་རྗེས་ལ་ཁྱེད་ཀྱི་རིགས་ཀྱི་བུ་དང་ཚ་བོ་ལ་སོགས་པས་ཀླ་ཀློའི་ཆོས་དར་བར་བྱས་ནས་ཤམྦྷ་ལ་ལ་སོགས་པ་
ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་ཀླ་ཀློའི་ཆོས་སྟོན་པར་བྱེད་པར་འགྱུར་རོ༎ ཀླ་ཀློའི་ལྷ་བི་ཥི་མིལླཱའི་སྔགས་ཀྱིས་བཏབ་གྲི་གུག་གིས་ཕྱུགས་རྣམས་ཀྱི་མགྲིན་པ་བཅད་དེ་བསད་པའི་ཤ་ཟ་ཞིང་ལས་
ཀྱིས་ཤི་བའི་ཤ་མི་ཟ་བར་འགྱུར་རོ༎ ཚངས་པས། མཆོད་སྦྱིན་དོན་དུ་ཕྱུགས་དག་སྤྲོས༎ ཞེས་པའི་གཞུང་གི་ཚིག་ལ་བརྟེན་ནས་ཀླ་ཀློའི་ཆོས་དེ་ཁྱེད་ལ་ཚད་མར་གྱུར་པས་ཀླ་ཀློའི་ཆོས་དང་རིག་
བྱེད་ཀྱི་ཆོས་ལ་སྲོག་གཅོད་པ་ཉིད་དུ་ཁྱད་པར་མེད་དོ༎ བདུད་ཀྱི་མཐུས་ཀླ་ཀློ་དེ་རྣམས་ཀྱི་གཟི་བརྗིད་རྒྱས་ཤིང་བདུད་ཀྱི་ལྷ་ཀླ་ཀློའི་གྲོགས་སུ་ཡུལ་རྣམས་སུ་འཇུག་པ་ཁྱེད་ཀྱི་བུ་དང་ཚ་བོ་ལ་སོགས་པ་
རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱང་ཀླ་ཀློར་འགྱུར་རོ༎ དེ་ལས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་མི་ཐམས་ཅད་ཀྱང་ཀླ་ཀློར་འགྱུར་རོ༎ ལྷ་དང་ཕ་མེས་ཚིམ་བྱས་ནས༎ ཤ་ཟོས་སྐྱོན་