[A:27b]བཅིངས་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས་ཤམྦྷ་ལའི་རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེ་དང་། དམངས་རིགས་ཀྱི་སྐྱེ་བོ་མཐའ་དག་དཀྱིལ་འཁོར་གྱི་ཁང་བ་དེར་དཀྱིལ་འཁོར་ཆེན་པོར་བཅུག་
ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་མ་ལུས་པ་བསྐུར་ཏེ། ཀལྤཱི་ཞེས་པ་རིགས་གཙང་སྨེ་འདྲེས་པ་ཡིན་ལ། མིའི་དབང་པོ་གྲགས་པས་རིགས་བཞི་མཐའ་དག་རྡོ་རྗེའི་རིགས་གཅིག་ཏུ་
མཛད་པས་རིགས་ལྡན་ཞེས་མཚན་གསོལ་ཏེ། སྲས་རྒྱུད་རྣམས་ལའང་དེ་ལྟར་གྲགས་སོ༎ དེ་ནས་དཀྱིལ་འཁོར་ཁང་པའི་ཤར་སྒོའི་མཐའི་འཁྱམས་སུ་རིགས་ལྡན་གྲགས་པ་རིན་པོ་ཆེ་སེང་གེའི་ཁྲི་ལ་
བཞུགས་པའི་དྲུང་དུ་ཉི་མའི་ཤིང་རྟ་སོགས་དབང་གིས་སྨིན་པར་མཛད་པའི་སློབ་མ་རྣམས་འདུས་ནས། རིགས་ལྡན་གྲགས་པའི་ཞབས་ཀྱི་པདྨོ་ལ་ཕྱག་བྱས་ཏེ། ཉི་མའི་ཤིང་རྟས་གསོལ་བ་བཏབ་པ་དང་།
རིགས་ལྡན་གྲགས་པས་བཀའ་སྩལ་པ། དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་དེ་ཉིད་དེ་བཞིན་གཤེགས་པས་ལུང་བསྟན་པ་བཞིན། དེའི་བྱིན་བརླབས་ཀྱི་སྟོབས་ཀྱིས་བདག་གིས་
ཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་ཡང་དག་པར་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་བཤད་ཀྱིས་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག ཅེས་གསུངས་སྩལ་ཏེ། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་