[A:27a]ཕྱག་རྒྱ་ཆེན་པོ་ཐོབ་པར་ལུང་སྟོན་པ་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་བསྟན་དུ་གསོལ། འདིར་དེ་བཞིན་གཤེགས་པས་རྒྱལ་པོ་ཟླ་བ་བཟང་པོ་ལ་བསྟན་པའི་དང་པོའི་
སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་གང་ཡིན་པ་དེ་ཉིད། གཞུང་ཉུང་ངུས་མཆོག་གི་དང་པོའི་སངས་རྒྱས་ལས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཡང་དག་པར་བསྡུ་བར་མཛད་ནས་ཚངས་པའི་དྲང་སྲོང་རྣམས་ལ་
སྟོན་པས་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པ་དང་། མིའི་དབང་པོ་གྲགས་པས་བཀའ་སྩལ་པ། ཉི་མའི་ཤིང་རྟ་ཁྱོད་ཚངས་པའི་དྲང་སྲོང་གི་རིགས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཡང་
དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་ཆེད་དུ། རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ་ཉན་པར་འདོད་ཅིང་ཡང་དག་པར་བརྩོན་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་
སོ༎ ཁྱོད་ཀྱི་འདི་ལེགས་པ་དེ་བས་ན་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ཀྱི་སྙིང་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དུས་ཀྱི་འཁོར་ལོ་རྡོ་རྗེའི་རྣལ་འབྱོར་ཁྱོད་ཀྱིས་
དྲིས་པ་དེ་ཐམས་ཅད་བདག་གིས་བསྟན་པར་བྱའོ༎ ཞེས་ཞལ་གྱིས་བཞེས་ནས་ནག་པ་ཟླ་བའི་ཉ་ལ་དྲང་སྲོང་དེ་དག་དང་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་བདག་པོ་ལྷ་དང་ལྷ་མིན་དང་ཀླུའི་སྤྲུལ་པ་རིན་པོ་ཆེའི་ཅོད་པན་