[A:3a]མཆོག་གི་དང་པོའི་སངས་རྒྱས་ཀྱི་སྙིང་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་རྒྱུའི་རྒྱུད་དང་པོའི་སངས་རྒྱས་ཨེ་ཝཾ་ཟབ་གསལ་གཉིས་
སུ་མེད་པའི་ཡེ་ཤེས་དེ་ཉིད་དྲི་མ་དང་བཅས་པ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་སེམས་ཅན་གྱི་ལུས་གྲུབ་འཇིག་བྱེད་པའི་ཚུལ་ཤེས་ནས་དྲི་མ་དེ་ཟད་པའི་ཆེད་
དུ། ལམ་དབང་བསྐུར་བ་ཐོབ་ཅིང་རིམ་པ་གཉིས་ཉམས་སུ་བླངས་པས། རྒྱུའི་རྒྱུད་དེ་ཉིད་མངོན་དུ་གྱུར་ཏེ་འབྲས་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་
འདི་ཉིད་དེ། འདི་ལ་ནི་གོང་དུ་སྨོས་པའི་མཚན་ཉིད་དེ་ཚང་ཞིང་ཡིད་ཆེས་པ་གསུམ་དང་ལྡན་པས། ཐེ་ཚོམ་དང་སོམ་ཉི་དང་ནེམ་ནུར་ཐམས་ཅད་དང་བྲལ་བ་
ཉིད་དོ༎ སངས་རྒྱས་ཀྱིས་གསུངས་པའི་ལེའུ་སྟེ་དང་པོ། སྟོན་པའི་མཛད་པ་སྤྱིར་བཤད་པ། འོ་ན་འདི་ཉིད་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟར་གསུངས་ཤེ་ན། ཐོག་མར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤེས་༼ཞེས་༽མཚན་ཙམ་