[A:39b]ཡིན་པ་ལ་དེ་བཀག་པས་ནོངས་ཞེས་འབྱུང་ངོ་༎ བལ་པོ་ཕམ་མཐིང་བའི་མཆེད་མཻ་ཏྲི་པས་ཀྱང་ནཱ་རོ་པ་ལ་ལོ་ལྔ་བསྟེན་ནས་ལེགས་པར་གསན་པས་དུས་འཁོར་བར་གྲགས་སོ༎ ༎
སཱ་དྷུ་བུ་ཏྲ།
སཱ་དྷུ་བུ་ཏྲ་ནི།
ལེགས་པའི་བུའམ་ཚོང་བའི་བུ་ཞེས་ཏེ། མཚན་དངོས་ནི་ཤྲཱི་དྷ་ར་ཞེས་པ་དཔལ་འཛིན་ནོ༎ དེ་ཡང་འདིའི་བླ་མ་ཨ་ནུ་བ་མ་རཀྴི་ཏ་དཔེ་མེད་འཚོ་ཞེས་པ་ཕྱི་ནང་གི་རིག་པ་ལ་བསྒོམ་པ་གོམས་པའི་ཐུགས་ཅན། དཔལ་
ཁ་སརྤ་ཎའི་དྲུང་དུ་ལོ་བཅུ་གཉིས་སུ་བཞུགས་ནས་དམིགས་པ་དང་རྟོག་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་བསྒོམས་པས་རྟོགས་པའི་ཁྱད་པར་ཅི་ཡང་མ་ཐོབ་ནས་ཡིད་ཞུམ་པ་ན་རྡོ་རྗེ་རྣལ་འབྱོར་མས་བུ་བི་ཀྲ་
མ་པུ་རིར་སོང་ཞིག་དེར་ཁྱོད་ལ་རྟོགས་པ་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་པའི་བཀའ་སྤྱི་བོར་བཞག་ནས་སློབ་མ་པཎྜི་ཏ་ཆེན་པོ་ལེགས་པའི་བུ་དཔལ་འཛིན་དང་ལྷན་ཅིག་བི་ཀྲ་མ་པུ་རིར་བྱོན་ཏེ་དུས་མཆོད་ཅིག་
གི་ཚེ་ཐུགས་དམ་གྱི་རིམ་པ་ལ་བཞུགས་པ་ལས་ནམ་ཕྱེད་ཀྱི་དུས་སུ་བཅོམ་ལྡན་འདས་ཨ་ཝ་དྷཱུ་ཏིའི་ཆ་བྱད་ཅན་བྱོན་ནས་བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་མངོན་སུམ་དུ་གདམས་པ་སྩལ། དེ་ཐོས་མ་ཐག་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་སོ༎ བཅོམ་ལྡན་འདས་དེ་ནི་མི་སྣང་བར་གྱུར་ནས་མཚན་མོ་འདས་པའི་ཚེ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དཔལ་ལྡན་བླ་མ་བདག་ཉིད་ཆེན་པོ་དེས་ཀྱང་རྣམ་པ་ཐམས་ཅད་དུ་དེར་