R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 39a
[A:39a]དགེ་བསྙེན་བོ་དྷི་དང་། དེའི་སྲས་ན་ལེནྡ་པ་ཉིད་དོ༎ ལྷོ་ཕྱོགས་རྒྱ་མཚོའི་གླིང་དུའང་འདིས་དུས་འཁོར་དར་བར་མཛད་ཅེས་གྲག་གོ། ༎ དཔལ་ནཱ་རོ་པ། དཔལ་ནཱ་རོ་པ་ནི། འཛམ་བུའི་
གླིང་མཐའ་དག་ཏུ་ཉི་ཟླ་ལྟར་གྲགས་པའི་མཁས་པ་ཆེན་པོ༎ ན་ལནྡའི་མཁས་པ་སྒོ་དྲུག་གི་ཡ་གྱལ་བྱང་སྒོ་བསྲུང་བའི་པཎྜི་ཏ་མཚན་ཡ་ཤོ་བྷ་དྲ་སྙན་གྲགས་བཟང་པོ་ཞེས་བྱ་བ། ཕྱི་ནང་གི་པཎྜི་ཏ་སུས་
ཀྱང་རྩོད་པར་མི་ནུས་པས་ཡོངས་སུ་གྲགས་པའི་མཚན་ནཱ་རོ་པ་ཞེས་ཏེ་བོད་དུ་རྩོད་མེད་ཅེས་སོ༎ དེས་པཥྤ་ཧ་རིའམ་པུལླ་ཧ་རི་མེ་ཏོག་མདངས་འཕྲོག་གི་དགོན་པར་དཔལ་དུས་ཞབས་པ་ཆེན་པོ་ལས་དབང་
རྒྱུད་མན་ངག་མཐའ་དག་མནོས་ནས། དབང་མདོར་བསྟན་དང་བརྟག་གཉིས་ལ་འགྲེལ་པ་མཛད་དེ། འདི་ལ་ཁ་ཆེའི་འགྲེལ་པ་ཞེས་ཉི་མ་དཔལ་ཡེ་ཤེས་ཀྱིས་ཁུངས་སུ་མཛད་དོ༎ ཇོ་བོ་རྗེས་ཀྱང་དུས་ཞབས་
པའམ། ནཱ་རོ་པ་ལ་གསན་པར་སྣང་སྟེ་བྱང་ཆུབ་ལམ་སྒྲོན་དུ་དང་པོའི་སངས་རྒྱས་ཀྱི་རྒྱུད་ཁུངས་སུ་མཛད་པ་དང་། ཨ་ཏི་ཤའི་སྦྱོར་དྲུག་ཅེས་པ་བྱུང་བས་སོ༎ འོན་ཀྱང་ཇོ་བོས་མཆིམས་ཕུར་ས་ར་ཧའི་དོ་ཧ་
གསུངས་པ་ཡང་འབྲོམ་གྱིས་བཀག་པས་གསང་སྔགས་ཟབ་མོ་རྣམས་ནི་གསུངས་པ་ཉིད་དོ༎ རྗེ་བཙུན་མི་ལའི་གསུང་ལས། ཨ་ཏི་ཤ་ལ་གསང་སྔགས་གསུང་དུ་བཅུག་ན་བོད་གྲུབ་ཐོབ་ཀྱིས་འགེངས་པ་