[A:40b]འཚོས་སྦྱོར་དྲུག་གི་འགྲེལ་པ་ཡོན་ཏན་འགེངས་པ་ཞེས་པའི་བརྗེད་བྱང་འདི་མཛད་ཅིང་དེས་ཀྱང་དངོས་གྲུབ་བརྙེས་པའི་པཎྜི་ཏ་རཏྣ་རཀྵི་ཏ་རིན་ཆེན་འཚོ་ལ་གནང་སྟེ། དེ་ནི་རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས།
མ་ག་དྷར་པཎ་ཆེན་མང་དུ་བསྟེན་པས་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས། ཤར་ཕྱོགས་བ་རེནྡྲའི་ཡུལ་གྱི་ཛ་གད་ད་ལའི་གཙུག་ལག་ཁང་དུ་བཞུགས་ཏེ་རྒྱལ་པོའི་བླ་མ་མཛད་ཅིང་རྒྱལ་བའི་བསྟན་
པ་གསལ་བར་མཛད། འཁོར་ལོ་སྡོམ་པའི་ཞལ་གཟིགས། ཏུ་རུཥྐའི་དམག་ལ་བྱོལ་ནས་བལ་ཡུལ་དུ་བཞུགས། རྒྱ་གར་ཤར་ནུབ་ཐམས་ཅད་དུ་འགྲན་ཟླ་དང་བྲལ་བ་དེ་དགུང་ལོ་བརྒྱད་ཅུ་ལྷག་ཅིག་
བཞེས་ནས་གཤེགས་སོ༎ དེས་ཤར་ཕྱོགས་ཛ་གད་ད་ལའི་པཎྜི་ཏ་བྷཱུ་ཏི་ཙནྡྲ་རྣལ་འབྱོར་ཟླ་བ་ལ་གནང་ངོ་༎ ཡང་། དྷརྨཱ་ཀ་ར་ཤཱནྟི་ཆོས་འབྱུང་ཞི་བ། དེ་ལ་པཎ་ཆེན་བི་ཁྱཱ་ཏ་དེ་བ་རྣམ་གྲགས་ལྷ།
པཎ་ཆེན་དྷརྨ་དཱ་ཤ་ཆོས་འབངས། བི་བྷུ་ཏི་ཙནྡྲའོ༎ ཡང་། རཏྣ་རཀྵི་ཏ། མི་དབང་བློ། ཕྱོགས་གྲོལ། ཤཱཀྱ་འཚོ། རྗེ་ལེགས་སྐྱེས། སངས་རྒྱས་དབྱངས། མཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་
རྣམས་རིམ་པར་རྒྱུད་དེ་སྦྱོར་དྲུག་གི་མན་ངག་ཡོངས་སུ་རྫོགས་པ་བྱུང་ངོ་༎ པཎ་ཆེན་ནགས་ཀྱི་རིན་ཆེན་ནི། འོད་བྱེད་ལྷའི་སློབ་མ་ཉི་མ་དཔལ་ཡེ་ཤེས། དེའི་སློབ་མ་ཆོས་འབྱུང་ཞི་བ། དེའི་སློབ་མ་