[A:42b]གི་ཡོན་ཏན་བརྒྱད་གྲུབ་པོ༎ ༎
སློབ་དཔོན་ན་ལནྡ་པ།
ན་ལནྡ་པ་ནི། དགེ་བསྙེན་བོ་དྷིའི་སྲས་སྐྱེས་སྟོབས་ཀྱི་མཁྱེན་རབ་ཅན་དེ་ཡིན་ཏེ་མཚན་བོ་དྷི་བྷ་དྲར་བཏགས། པཎྜི་ཏ་ཆེན་པོ་ཟླ་མེད་པར་གྱུར་ནས་མ་ག་དྷར་
དུས་འཁོར་ཞབས་ཆེན་པོ་ལ་དུས་འཁོར་གསན་པའི་ཡོན་དུ་གསེར་གྱི་མཎྜལ་དགོས་པར་དགོངས་ནས། བོད་ན་གསེར་ས་ལ་བརྐོས་པས་འོང་བ་ཡིན་ཟེར་བས་ཚོལ་བའི་ཕྱིར་བོད་དུ་བྱོན། མང་ཡུལ་སྐྱི་རོང་དུ་
ཕེབས་པ་དང་བཟོ་སྡེ་བ་ཅིག་གིས་ཡོན་བདག་བྱས་པས་གསེར་སྲང་གང་རྙེད། དེ་ནས་དིང་རིར་བྱོན་པའི་ལམ་དུ་པཎྜི་ཏ་བོང་བུ་ལ་ཞོན་པ་ཅིག་དང་ཕྲད་པ་ལ་འདི་ལྟར་བྱེད་པ་ཅི་ཡིན་དྲིས་པས་བོད་ལོངས་སྤྱོད་དབུལ་བས་འདི་ལྟར་
གྱུར་བ་ཡིན་ཟེར་བས་ཐུགས་སྐྱོ་སྟེ་རྒྱ་གར་དུ་ལོག་ནས་དུས་འཁོར་ཞབས་ཆེ་བ་ལ་གསེར་དེ་ཕུལ་བས་ཤིན་ཏུ་མཉེས། ནཱ་རོ་པ་དང་ལྷན་ཅིག་དབང་རྒྱུད་འགྲེལ་མན་ངག་བཅས་པ་ཡོངས་སུ་རྫོགས་པར་གསན།
བསྒོམས་པས་སྐད་ཅིག་ལ་རྟགས་བཅུ་ཡོན་ཏན་བརྒྱད་མཐར་ཕྱིན། ལུས་ཀྱི་དཀྱིལ་འཁོར་ཐམས་ཅད་བདེ་བས་གང་། དངོས་གྲུབ་གནས་དེ་ཉིད་དུ་བརྙེས་སོ༎ ཡབ་དང་ཡབ་ཀྱི་མཆེད་པོ་ཨ་ཝ་དྷཱུ་ཏི་པ་ལའང་
གསན། དེ་ལྟ་བུའི་ཡབ་སྲས་གཉིས་ལ་བཞེད་པ་མི་མཐུན་པའང་ཡོད་པར་གྲགས་ལ། དུས་ཀྱི་འཁོར་ལོ་མ་ག་དྷར་དར་ན་ཕྱོགས་ཀུན་ཏུ་དར་བར་འགྱུར་སྙམ་དུ་དགོངས་ཏེ། མ་ག་དྷའི་རྒྱལ་པོ་ཤིང་སྟན་ཅན་