R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 43a
[A:43a]ར་མ་པཱ་ལས་བྱེད་ཅིང་། སེནྡྷ་པས་ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ་ཤྲཱི་ན་ལནྡར་བྱོན་ནས། གཙུག་ལག་ཁང་གི་སྒོ་ཁང་དུ་རྣམ་བཅུ་དབང་ལྡན་གྱི་
ཡི་གེ་བྲིས། དེའི་བཤམ་༼གཤམ་༽དུ་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་དུས་ཀྱི་འཁོར་ལོ་མི་ཤེས་སོ༎ གང་གིས་དུས་ཀྱི་འཁོར་ལོ་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་
སོ༎ གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ༎ གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ༎ གང་
གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ༎ དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་
པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ༎ ཞེས་བྲིས་པས་པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་མ་རངས་པར་བརྩད་པ་ན་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བ་དག་གིས་
ཐམས་ཅད་བཏུལ་བས་དེ་རྣམས་རང་རང་གི་ཁྲི་བོར་ནས་ཞབས་ལ་བཏུད་དེ་སློབ་མར་གྱུར་ཏོ༎ དེ་རྣམས་ཀྱི་ནང་ནས་གྲགས་པ་ནི་ཨ་བྷ་ཡཱ་ཀ་ར་གུཔྟ་དང་། ཙ་མི་པཎྜི་ཏ་དང་། ཨབྷི་ཡུཀྟ་དང་། མཉྫུ་ཀཱིརྟི་དང་།