R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 47b
[A:47b]ལ་བརྟེན་དགོངས་པ་ན། སྒྲོལ་མས་ཁྱོད་སངས་རྒྱས་ཀྱི་བསྟན་པ་མི་འཛིན་ནམ་གསུང་བ་རྨིས་པས། དེ་ཕྱིན་ཆད་བསོད་སྙོམས་ཁོ་ན་མཛད། ཐུབ་པ་བྱམས་པ་སྒྲོལ་མ་གསུམ་གྱི་ཞལ་གཟིགས་ཚེ་
ཉིན་ཞག་ཕྲུགས་གཅིག་ལ་སེམས་བསྐྱེད་ཀྱིས་ཟིན་པའི་ཆོས་སྤྱོད་བཅུ་ཚང་བ་དང་། ནོར་རྫས་བདག་ཏུ་མི་འཛིན་པ་དང་། གནོད་ལན་དུ་ཕན་འདོགས་པ་དང་། བདེ་སྡུག་ཅི་བྱུང་ཡང་སྟོང་བ་ཉིད་བསྒོམ་
པ་སྟེ་དམ་བཅའ་བཞི་མཛད། ཛ་ཡ་པུ་རིར་སྤྲིན་ཕུང་གི་གསེབ་ནས་བྱམས་པས་ཤེར་ཕྱིན་གསུངས་པ་གསན། ཞི་འབྱུང་དབྱངས་སྙན་སོགས་པཎ་ཆེན་གསུམ་ལ་མང་དུ་གསན་ཏེ་གཞུང་འབུམ་
ཕྲག་དུ་མ་ཐུགས་སུ་ཆུད་ནས་ཏིལ་མར་གྱི་ནང་དུ་མནལ་སྤངས་ཏེ་ཁ་ཏོན་མཛད། མཚོན་ཆ་འཁོར་ལོ་ཞེས་པའི་མཆོད་རྟེན་ཆེན་པོ་ཞིག་ལ་སུས་ཀྱང་གདུགས་མ་ཁེལ་བ་ལ་སྒྲོལ་མ་དང་ཁྲོ་གཉེར་ཅན་
ལ་གསོལ་བ་བཏབ་པས། བྱ་རོག་གི་གཟུགས་ཀྱིས་གདུགས་ནམ་མཁའ་ལ་ཁྱེར་ཏེ་བཀལ། དེ་ནས་རི་བོ་དགུ་བརྒལ་ནས་མ་ག་དྷར་བྱོན། ལམ་དུ་བྱང་ཆུབ་ཆེན་པོིའི་ཞལ་གཟིགས་ཏེ་སྒོ་དྲུག་པའི་
གཟུགས་སྩལ། སུམ་ཅུ་པ་ལ་མཁན་པོ་ཤནྟ་ཀ་ར་གུཔྟ་དང་། ལས་ཀྱི་སློབ་དཔོན་ད་ཤ་བ་ལ་ཤྲཱི་སྟོབས་བཅུ་དཔལ་དང་། གསང་སྟོན་དཱ་ན་ཀ་ར་སྦྱིན་མཛད་དང་དད་པའི་དགེ་འདུན་བཅོ་བརྒྱད་དང་བཅས་