R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 104
[A:104] འོད་དཔག་མེད་པདྨ་གར་དབང་། དོན་ཡོད་གྲུབ་པ་རྡོ་རྗེ་རྟ་མཆོག་།རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའ་སྟེ་རིགས་དྲུག་ཕྱོགས་གཅིག་ཏུ་བསྡུས་པ་ལྷ་བརྒྱ་དང་ཉི་ཤུ་རྩ་བདུན་མའི་དཀྱིལ་འཁོར་ཆེན་པོར་རྗེ་ཀུན་བློའི་སྒྲུབ་དཀྱིལ་དང་། ནམ་མཁའ་འོད་ཟེར་དང་། འཇམ་དབྱངས་མཁྱེན་བརྩེའི་ཟིན་བྲིས་སྦྱར་བའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཀུན་བཟང་རྡོ་རྗེ་འཆང་། རྒྱལ་བ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། ཡངས་པ་ཅན་གྱི་ལི་ཙ་བི་དྲི་མ་མེད་པར་གྲགས་པ། རྒྱལ་པོ་ཛཿའམ་རབ་གསལ་ཟླ་བའམ་ཨིནྡྲ་བྷཱུ་ཏི་ཆེ་བ། དེའི་སྲས་རྒྱལ་པོ་ཨུ་པ་རཱ་ཛའམ་རྒྱལ་བུ་སྒྲ་གཅན་འཛིན། གྲུབ་ཆེན་ཀུ་ཀུ་རཱ་ཛ། མུཀྟི་ཏ་ཉི་ཟླ་རྡོ་རྗེ། བ་ཧུ་ཏ་མུཀྟི། སློབ་དཔོན་སངས་རྒྱས་གསང་བ། པཎ་ཆེན་བི་མ་ལ་མི་ཏྲའམ། ཀུ་ཀུ་རཱ་ཛ་ནས། མུཀྟི་ཀོ་ཥ། M་ག་སོ་མ་བཛྲ། བ་ཧུ་ཏ། མུ་སྟོ་བ་ཧུ་ར། གུ་སྐོ་ཏ། བི་མ་མི་ཏྲ་ཞེས་ཀྱང་སྣང་། གང་ལྟར་ཡང་དེ་ནས་རྨ་ཨཱ་ཙཪྻ་རིན་ཆེན་མཆོག་དེས་གྱེ་རེ་མཆོག་སྐྱོང་དང་། གཙུག་རུ་རིན་ཆེན་གཞོན་ནུ་གཉིས། གཉིས་ཀས་འོག་་་་་་གོ་བོའང་འདུག་འོམ་ཚུལ་ཁྲིམས་བྱང་ཆུབ། དེས་ཅོག་རོ་རྒྱལ་བའི་ཡོན་ཏན་དང་། ལ་སུམ་གཞོན་ནུ་མཆོག་དང་། སྟག་རྩེ་རྡོ་རྗེ་འཇམ་དཔལ་གསུམ། གསུམ་གས་ཁུ་བྱང་ཆུབ་འོད། དེ་ནས་བླ་མ་བློ་གྲོས་རྒྱལ་མཚན། རོང་པཎ་རིན་ཆེན་ཚུལ་ཁྲིམས། རོང་སྟོན་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོ། ཡམ་ཤུད་བློ་ཆེན་བཟང་པོ། འགོས་ཟླ་བ་འབར། འགོས་ཟླ་བ་འབུམ་གྲགས། འགོས་དངོས་གྲུབ་རྒྱལ་མཚན། འགོས་དགེ་སློང་ཆོས་ཀྱི་རྡོ་རྗེ། འགོས་དངོས་གྲུབ་མགོན། དབུས་པ་སངས་རྒྱས་འབུམ། དགེ་སྡིང་པ་ཆོས་སྐུ་འོད་ཟེར། ཡུ་མོ་མི་བསྐྱོད་རྡོ་རྗེ། བྱང་ཆེན་བསོད་ནམས་འཕེལ། བག་