[A:103]
བརྒྱུད་པ་ལྟར་ན། བཀྲ་ཤིས་ཕུན་ཚོགས་ཡན་གོང་ལྟར་ལ། དེ་ནས་རྗེ་དཀོན་མཆོག་རིན་ཆེན། ལྷོ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། གྲུབ་ཐོབ་ཀརྨ་ཆགས་མེད། པདྨ་ཀུན་དགའ། ཕྲིན་ལས་དབང་འབྱུང་། ཤེས་རབ་གྲགས་པ། ཐུབ་བསྟན་རབ་འཕེལ། པད་དབང་སྤྲུལ་སྐུ་བསྟན་འཛིན་དོན་གྲུབ། ཀརྨ་ཐེག་མཆོག་ངེས་དོན་བསྟན་འཕེལ། ཟླ་བཟང་ཀརྨ་ངེས་དོན་བསྟན་པ་རབ་རྒྱས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་ལའོ། །ཇོ་ནང་བརྒྱུད་པ་ལྟར་ན། རྔོག་ཞེ་སྡང་རྡོ་རྗེ་ཡན་གོང་ལྟར་ལ། དེ་ནས་རྩང་སྟོན་ཆོས་ཀྱི་རྒྱལ་མཚན། དེས་དར་མ་རྒྱལ་པོ། དུམ་བུ་ཁ་པ། བཟང་པོ་པ་གསུམ། གསུམ་གས་རྔོག་རིན་ཆེན་བཟང་པོ། རྔོག་སངས་རྒྱས་ཡོན་ཏན། རྔོག་བྱང་ཆུབ་དཔལ་བ། རྔོག་བྱང་ཆུབ་དཔལ་གྲུབ། རྔོག་བློ་གྲོས་དཔལ་བཟང་། རྗེ་ཡེ་ཤེས་རྡོ་རྗེ། ཆོས་སྐུ་ལྷ་དབང་གྲགས་པ། རྗེ་བཙུན་ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ངེས་དོན་བསྟན་འཛིན། ཚེ་དབང་ཀུན་ཁྱབ། ཀརྨ་རིན་ཆེན། འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ཡོན་ཏན་རྒྱ་མཚོ། དེས་སོ། །ཡང་ན། ཏཱ་ར་ནཱ་ཐ་ཡན་གོང་ལྟར་ལ། དེ་མན་ཆད་དགྲ་ནག་ཇོ་ལུགས་ལྟར་རོ༎ ་༎གཉིས་པ་ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་ཀྱི་སྐོར་ལ་མ་རྒྱུད་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་དྲི་མེད་གྲགས་པ་དང་། གྲུབ་ཆེན་ཀུ་ཀུ་རཱ་ཛ་སོགས་ཀྱིས་མ་རྒྱུད་སྤྱི་དང་མཐུན་པར་བཀྲལ་བའི་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཧེ་རུ་ཀ་གཙོ་བོར་བཞུགས་པའི། རྣམ་སྣང་རྒྱལ་བ་རྟག་པ། རིན་འབྱུང་རྡོ་རྗེ་ཉི་མ།