R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 106
[A:106] གཙོ་བོར་བཞུགས་པའི་གཞིའི་དཀྱིལ་འཁོར་གཅིག་གི་ནང་དུ་དཀྱིལ་འཁོར་ཆེན་པོ་དགུ་བཞུགས་པའི་ལྷ་ཉིས་བརྒྱ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོར་ཇོ་ནང་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། བླ་མ་ཚུལ་ཁྲིམས་རྒྱལ་མཚན་ཡན་མཉམ་སྦྱོར་གོང་མ་ལྟར་ལ། དེ་ནས་ངག་གི་དབང་ཕྱུག་བྱང་ཆུབ་སེང་གེ་ས་བཟང་འཕགས་པ་གཞོན་བློ། ངོར་ཆེན་ཀུན་བཟང་། དམར་སྟོན་རྒྱལ་མཚན་འོད་ཟེར། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། རྡོར་གདན་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་རྗེ་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། འབྲས་བུ་གླིང་པ་ངག་དབང་ཨོ་རྒྱན། གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། འགྱུར་མེད་པདྨ་བསྟན་འཛིན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། འགྱུར་མེད་པདྨ་དབང་རྒྱལ། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའམ་འཇིགས་མེད་མཁྱེན་བརྩེའི་དབང་ཕྱུག་ཐུབ་བསྟན་ལེགས་བཤད་བཟང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་ཡན་མཉམ་སྦྱོར་སྔ་མ་ལྟར་ལ། དེ་ནས་ཚར་ཆེན་མན་འདིའི་གོང་ལྟར་རོ། །ཡང་གསར་བརྒྱུད་ལྟར་ན། རྡོར་འཆང་། ཕྱག་རྡོར། ཛྙཱ་ན་ཌཱ་ཀི་ནཱི། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཉན་ཚུལ་ཁྲིམས་འབར། འགོས་རིན་ཆེན་བཟང་པོ། གཞོན་ནུ་སེང་གེ་དབང་ཕྱུག་རིན་ཆེན། ཤཱཀྱ་རྡོ་རྗེ། ཆོས་ཀྱི་གྲགས་པ། དབུས་པ་སངས་འབུམ། ལོ་ཙཱ་མཆོག་ལྡན།