[A:107]
བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱམ། ངག་གི་དབང་ཕྱུག་མན་གོང་ལྟར་རོ༎ ་༎གཉིས་པ་བྱེ་བྲག་གི་རིགས་ལ། ཧེ་རུ་ཀ་རྣམ་སྣང་། རྡོ་རྗེ་ཉི་མ། པདྨ་གར་དབང་། རྟ་མཆོག་རྡོ་རྗེ་སེམས་དཔའ་སྟེ་དྲུག་ལས། དང་པོ་ཧེ་རུ་ཀའི་རིགས་གཙོ་བོར་སྟོན་པའི་རྒྱུད་ལ། བདེ་མཆོག་སངས་རྒྱས་ཐོད་པ། མུ་ཧཱ་མཱ་ཡཱ། ཨ་རལླི་སྟེ་བཞི་ལས། དང་པོ་ནི། རྒྱུད་གཞན་གྱི་ལུགས་ལ་སྤྲུལ་པའི་སྐུ་རྣམས་ད་ལྟ་མི་ཡུལ་ན་དངོས་སུ་མི་བཞུགས་ཤིང་། བདེ་མཆོག་གི་ལུགས་ལ་སྤྲུལ་པའི་སྐུ་རྣམས་ད་ལྟ་ཡུལ་ཉི་ཤུ་རྩ་བཞི་ན་དངོས་སུ་བཞུགས་པས་བྱིན་རླབས་གཞན་ལས་མྱུར་བའི་ཕྱིར། བྱིན་རླབས་གཞན་ལས་ཁྱད་པར་དུ་འཕགས་པའི་བདེ་མཆོག་རྩ་བའི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་དང་། བཤད་རྒྱུད། སྡོམ་འབྱུང་། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། ཁ་སྦྱོར། ངེས་བརྗོད་བླ་མ་རྣམས་ལ་བརྟེན་ནས་གྲུབ་ཆེན་སོ་སོས་བཀྲལ་བའི་འཁོར་ལོ་བདེ་མཆོག་གི་བཀའ་སྲོལ་སུམ་ཅུ་རྩ་གཉིས་ཙམ་ཡོད་པར་གྲགས་ཤིང་། བོད་འདིར་ཡང་ཅི་རིགས་པ་དར་པ་ལས་གཙོ་བོར་ལཱུ་ནག་དྲིལ་གསུམ་སྟེ། དེ་ལ་དང་པོ་གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་ཧི་པས་རྩ་རྒྱུད་དང་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་དག་ལ་བརྟེན་ནས་སྦྱང་གཞི་སྒོང་སྐྱེས་སྦྱོང་བྱེད་དུ་བཀྲལ་བ་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་པའི་དཀྱིལ་འཁོར་ཆེན་པོར་རྗེ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། ཤར་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་མཚམས་སྦྱོར་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ་བཀའ་བབས་དགུ་ལས།
དང་པོ་ས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན་ཧེ་རུ་ཀ་དཔལ་ཕྱག་ན་རྡོ་རྗེ། བྲམ་ཟེ་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་པ་དབང་ཕྱུག་