R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 109
[A:109] རྒྱ་མཚོ། མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་སོ། །ཡང་ན། ཆོས་རྒྱལ་འཕགས་པ་ཡན་གོང་ལྟར་ལ། དེ་ནས་འུ་ཡུག་པ་བསོད་ནམས་སེང་གེ་དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། དེས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས་གཉིས། གཉིས་ཀས་ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་འདྲ། ཡང་ན། ས་པཎ་ནས། དམར་ཆོས་ཀྱི་རྒྱལ་པོ། མི་ཉག་ཆོས་ཀྱི་རྒྱལ་པོ། མི་ཉག་རྡོ་རྗེ་གྲགས་པ། ལྕེ་མདོ་སྡེ་སེང་གེ་བླ་མ་སྟོན་ཤཱཀ་ལྕེ་བཙུན་བློ་ལྡན། ཀུན་མཁྱེན་འཕགས་པ་འོད་ཟེར། བུ་སྟོན་མན་འདྲ། ཡང་ན། ས་པཎ་ནས། བོ་དོང་རིན་ཆེན་རྩེ་མོ། ཁྲོ་ཕུ་བསོད་ནམས་སེང་གེ་བླ་མ་དཔལ་ལྡན་སེང་གེ་བུ་སྟོན་མན་འདྲ། ཡང་ན། ས་པཎ་ནས། བོ་དོང་རིན་ཆེན་རྩེ་མོ། ཉན་ཆེན་བསོད་ནམས་བརྟན་པ། བླ་མ་དམ་པ་མན་འདྲ། ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། དེའི་དབོན་ཤེས་རབ་འབྱུང་གནས་མན་འདྲ། ཡང་ན། སངས་རྒྱས་རིན་ཆེན་ནས། སངས་རྒྱས་སེང་གེ་ཐར་པཎ། ནམ་མཁའ་སངས་རྒྱས་མན་འདྲའོ། །གཉིས་པ་མར་དོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལཱུ་ཧི་པ། ཌྷེཾ་གི་པ། པཎ་གྲུབ་དབང་པོ་ལྭ་བ་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀ་ཙ་ཊ་པ། གྲུབ་ཆེན་དྲིལ་བུ་པ། ཛཱ་ལནྡྷ་རི་པ། ནག་པོ་སྤྱོད་པ། ཀུ་ཤ་ལ་ནྭ་ཐ། ཏཻ་ལོ་པ། ནཱ་རོ་པ། མན་ཀ་ཤྲཱི་ཛྙཱ་ན། བལ་པོ་བྷ་དནྟ། ལོ་ཙཱ་བ་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གཟེ་པ་བློ་ལྡན་སེང་གེ་གཟེ་པ་ཇོ་བདེ། སློབ་དཔོན་ཁུ་པ། ཁམས་པ་ལྷོ་ཚད་ཀུན་དགའ་རིན་ཆེན། ལོ་ཙཱ་བ་