[A:110]
མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཁྱུང་ལྷས་པ། ཤར་ཆེན། ངོར་ཆེན། མུས་ཆེན། སངས་རྒྱས་རིན་ཆེན། དཀོན་མཆོག་ལྷུན་གྲུབ། སངས་རྒྱས་སེང་གེ་དེས་ཐར་རྩེ་པ་དང་མུས་པ་ནམ་མཁའ་དཔལ་བཟང་གཉིས། གཉིས་ཀས་སྒྲུབ་ཁང་པ་དཔལ་དོན་མན་གོང་ས་ལུགས་ལྟར་རོ། །ཡང་ན། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ལྭ་བ་པ། ལ་ཀི་མི་པ། འབར་བའི་གཙོ་བོ། དགེ་བའི་གཙོ་བོ། ཀུ་ཤ་ལ་ནཱ་ཐ་མན་གོང་དང་འདྲ། ཡང་ན། ཁྱུང་ལྷས་པ་ནས། ཆོས་རྗེ་བཀྲ་ཤིས་རིན་ཆེན། ངོར་ཆེན་མན་འདྲ། ཡང་ན། གཟེ་པ་བློ་ལྡན་ནས། གཟེ་པ་དོན་གྲུབ་ཡེ་ཤེས། ས་ཕུག་པ་ཤཱཀྱ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་མན་འདྲའོ། །གསུམ་པ་ཇོ་བོ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ལཱུ་ཧི་པ། དཱ་རི་ཀ་པ། ཏཻ་ལོ་པ། ནཱ་རོ་པ། རཏྣ་ཨ་ཀ་ར་ཤཱནྟི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རོང་པ་མགར་དགེ་ལྷ་རྗེ་སྟོད་པ་ཚུལ་ཁྲིམས་དཔལ། སྟེང་པ་ཐུགས་རྗེ་ཟླ་གསལ། ཤོད་ཉི་མ་མཁའ་འགྲོ། གཅེན་ཤེས་རབ་རྒྱལ་པོ། གཅུང་ཤེས་རབ་གཙུག་ཏོར། ལྷ་རྗེ་ཆེན་པོ་དྷརྨ་ཙཀྲ། ཐར་སྟོན་པ་ཆོས་ཀྱི་འོད་ཟེར། ཞང་གྲགས་པ་དཔལ། བླ་མ་སྒོམ་པ་ཡེ་ཤེས། བླ་མ་གྲགས་ཆེན། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་མན་མར་དོ་ལུགས་དང་འདྲའོ། །བཞི་པ་ཁ་ཆེ་པཎ་ཆེན་ལུགས་ཀྱི་བརྒྱུད་པ་ནི། ཙཀྲ་སམྦ་ར། བཛྲ་ཝཱ་རཱ་ཧཱི། ལཱུ་ཧི་པ། ཤ་བ་རི་པ། ཀནྟ་པ། འདྲེན་མཛད་ཞབས། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷཱུ་ཏི་ཙནྡྲ། གཡག་སྡེ་ལོ་ཙཱ་བ་པུཎྱེ་བྷ་དྲ། མངའ་རིས་ཟེ་དམར་བ་བུདྡྷ་ཛྙཱ་ན། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་མན་གོང་མར་དོ་