R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 115
[A:115] ནས། ཆོས་འཕགས། མང་མཁར་ལོ་ཙཱ་བ། དཔལ་ལྡན་སེང་གེ། བུ་སྟོན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བྱང་ཆུབ་སེང་གེ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རིན་ཆེན་བཀྲ་ཤིས། ཤཱཀྱ་མཆོག་ལྡན་མན་འདྲའོ༎ ་༎གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས་བཀྲལ་བའི་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་དཀྱིལ་ལྷ་ལྔའི་དཀྱིལ་འཁོར་དུ་ཀུན་བློའི་སྒྲུབ་དཀྱིལ་དང་། ཞུ་ཆེན་གྱི་མཚམས་སྦྱོར་སོགས་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ། དང་པོ་ས་ལུགས་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། འབར་བ་འཛིན་པ། ཀརྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས་པ། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། དེས་ཆོས་འཕགས་བློ་གྲོས་རྒྱལ་མཚན། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཚོགས་སྒོམ་པ་ཀུན་དགའ་དཔལ་གསུམ། གསུམ་གས་ཁྲོ་ཕུ་པ་བསོད་ནམས་སེང་གེ་ཡང་རྩེ་བ་རིན་ཆེན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། ཀུན་དགའ་རིན་ཆེན། རིན་ཆེན་རྒྱལ་མཚན། བསོད་ནམས་བཟང་པོ། གོང་དཀར་ཀུན་དགའ་རྣམ་རྒྱལ། ཡོན་ཏན་རྒྱ་མཚོ། ཤཱཀྱ་ཀུན་དགའ། དབང་ཕྱུག་རྒྱལ་མཚན། ཚུལ་ཁྲིམས་བཀྲ་ཤིས། རིན་ཆེན་རྒྱ་མཚོ། གོང་དཀར་ཕྲིན་ལས་རྣམ་རྒྱལ། བློ་གྲོས་དབང་ཕྱུག་ཐེག་ཆེན་གླིང་པ་བསོད་ནམས་རྒྱ་མཚོ། མུས་པ་