R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 114
[A:114] བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའམ། ཡང་ན། བྱམས་པ་ཀུན་དགའ་བསྟན་འཛིན་ནས། འཇམ་དབྱངས་ཤེས་རབ་རྒྱ་མཚོ། དཔལ་ལྡན་བློ་གྲོས་རྒྱ་མཚན། དེས་སོ། །ཡང་ན། སངས་རྒྱས་རིན་ཆེན་ནས། དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང་མན་འདྲའོ། །ཡང་ན། དཀོན་མཆོག་ལྷུན་གྲུབ་ནས། དཀོན་མཆོག་དཔལ་ལྡན། ཀུན་དགའ་བཀྲ་ཤིས། ཤེས་རབ་འབྱུང་གནས། དམ་ཆོས་བསམ་འགྲུབ་མན་འདྲ། ཡང་ན། ཆོས་རྗེ་ཁུ་དབོན་ནས། སྟག་སྟོན་ཤེས་རབ་གཞོན་ནུ། བླ་མ་བྲག་དཀར་བ། མཁས་གྲུབ་གཞོན་ནུ་བསོད་ནམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། དེས་ཁ་ཆར་བ་བསོད་ནམས་རྒྱལ་མཚན་དང་། གཞོན་ནུ་སེང་གེ་གཉིས། གཉིས་ཀས་སངས་རྒྱས་དཔལ་གྲུབ། དེ་ནས་ལྷ་མཆོག་སེང་གེ་མན་འདྲ། ཡང་ན། མུས་ཆེན་སངས་རྒྱས་རིན་ཆེན་ནས། དགེ་ལེགས་བཤེས་གཉེན། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ནམ་མཁའ་སངས་རྒྱས་མན་འདྲའོ། །ཡང་ཇོ་ནང་བདེ་རམས་ལྟར་ཐོབ་པའི་བརྒྱུད་པ་ནི། ཧེ་རུ་ཀ་དཔལ། ཡོ་གི་ནཱི། སྤྱོད་པ་བ། གུ་ཧྱ་པ། སནྟ་ར་པ། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། མལ་ལོ། ས་སྐྱ་པ་བརྩེ་ཆེན། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་པཎ། ཡོན་ཏན་དཔལ། ལ་རུ་པ། གངས་ཁྲོད་པ། ཐེག་ཆེན་ཆོས་རྒྱལ། གང་དགོན་པ། ཤཱཀ་མཆོག་མན་གོང་ལཱུ་ཧི་པའི་བདེ་རམས་ལྟར་རོ། །ཡང་ན། ས་པཎ་