R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 11
[A:11] ཕུན་ཚོགས། བྱང་སེམས་བཀྲ་ཤིས་བཟང་པོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། དེའི་དབོན་དགེ་ལེགས་ལྷུན་གྲུབ། ངག་དབང་བསྟན་འཛིན་ཕྲིན་ལས། བྱམས་པ་བསྟན་འཛིན་སྙན་གྲགས། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་ཡོན་ཏན་རྒྱ་མཚོ། གཉིས་ཀས་བདག་འཇམ་དབྱངས་བློ་གཏེར་དབང་པོའམ། ཐེག་མཆོག་འཇམ་དབྱངས་བློ་གྲོས་ཆོས་ཀྱི་ཉི་མ་ལ་བཀའ་དྲིན་དུ་སྩལ་བའོ༎ ་༈་་ ༎བཀའ་སྲོལ་གཉིས་པ་འཕགས་པ་ཐོགས་མེད་དང་། མཉམ་མེད་ཇོ་བོ་རྗེ་སོགས་ཀྱིས་ལེགས་པར་བཀྲལ་ཞིང་། བཀའ་གདམས་པ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པའི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོའི་ལུགས་ཀྱི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ལ། སྦྱོར་བ་ཡན་ལག་བདུན་པས་རྒྱུད་སྦྱངས་ནས། དངོས་གཞི་སྨོན་འཇུག་སོ་སོར་འཕྲལ་ཏེ་ལེན་པ་དང་། གོང་འོག་གི་ཐོག་མཐའ་བར་གསུམ་དུ་ཕྱག་ལེན་ཐུན་མོང་མ་ཡིན་པ་རང་རང་གི་གཞུང་ནས་བཤད་པ་ལྟར་རྗེ་མཁྱེན་བརྩེའི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྣམ་འདྲེན་ཐུབ་པའི་དབང་པོ། རྒྱལ་ཚབ་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། མཁས་པ་དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྟེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད། སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་བ་རིན་ཆེན་བཟང་པོ། ཀུ་སཱ་ལི་ཆུང་བ་རིན་ཆེན་འོར་ཟེར། ཇོ་བོ་གསེར་གླིང་པ་ཆེན་པོ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། སྤྱན་སྔ་བ། བྱ་ཡུལ་བ། མུས་སྨན་པ། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། མཆིམས་སྟོན། སེང་གེ་སྐྱབས།