R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 10
[A:10] སྦྱོར་བ་ཡན་ལག་བདུན་པས་རྒྱུད་སྦྱངས་ནས། དངོས་གཞི་སྨོན་འཇུག་གཉིས་སྟབས་གཅིག་ཏུ་བླངས་ཏེ། མཇུག་རང་གཞན་གྱི་དགའ་བ་བསྒོམ་པ་དང་། གཏང་རག་གི་མཆོད་པ་སོགས་ཚང་ཕྲུགས་སུ་ཞུ་ཆེན་རིན་པོ་ཆེ་དང་། སྨིན་གླིང་ལོ་ཆེན་སོགས་ཀྱི་ཡིག་སྟེང་ནས་ལན་གྲངས་སུ་ཐོབ་པའི་བརྒྱུད་པ་ནི། ་ ཐུབ་དབང་། འཇམ་དཔལ། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་གྲགས། སློབ་པའི་རྡོ་རྗེ། དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བསོད་ནམས་དཔལ། བ་རི་ལོ་ཙཱ། ས་ཆེན་གོང་མ་ལྔ། འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཆེན་མགོན་པོ། རྒྱལ་སྲས་ཐོགས་མེད་དམ། ཡང་ན། ས་པཎ་ནས་བོ་དོང་པ་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བསོད་ནམས་སེང་གེ་བུ་སྟོན་རིན་ཆེན་གྲུབ། རྒྱལ་སྲས་ཐོགས་མེད། ཡང་ན། ས་པཎ་ནས་འཕགས་པ་རིན་པོ་ཆེ། རིན་ཆེན་དཔལ་བཟང་། རིན་ཆེན་མགོན་པོ། རྒྱལ་སྲས་ཐོགས་མེད་དོ། །གང་ལྟར་ཡང་དེ་ནས། ཚུལ་ཁྲིམས་དཔལ། གཞོན་ནུ་རྒྱལ་མཆོག་དཔལ་ལྡན་གྲགས་པ། རིན་ཆེན་གྲགས་པ། སངས་རྒྱས་བཀྲ་ཤིས། དབང་ཕྱུག་དཔལ་བཟང་། གྲགས་པ་རྒྱ་མཚོ། ངག་དབང་ཆོས་གྲགས། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ། འཇམ་མགོན་ཨ་མེས་ཞབས། མཁན་ཆེན་བློ་གྲོས་བརྟན་པ། དོལ་ཆེན་ཕྱོགས་ལས་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ། ངག་དབང་རྡོ་རྗེ་རིན་ཆེན། འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། ཡང་ན། མཁན་ཆེན་ངག་དབང་ཆོས་གྲགས་ནས། མཁན་ཆེན་བསོད་ནམས་བཀྲ་ཤིས། རྗེ་སངས་རྒྱས་རྒྱ་མཚོ། མཁན་ཆེན་སངས་རྒྱས་