R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 120
[A:120] ཕམ་མཐིང་པ་སྐུ་མཆེད་ནས། པུ་རོང་ལོ་ཆུང་། དམར་ཆེན་པོ། སྐྱི་སྟོན་དཀོན་མཆོག་འབར། ཁམས་པ་ཤཱཀྱ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན། དཔལ་ལྡན་སེང་གེ་མཁན་ཆེན་ཤེས་རབ་རྡོ་རྗེ། འཛམ་གླིང་པཎ་ཆེན། དོན་ཡོད་རྡོ་རྗེ། གྲགས་པ་རིན་ཆེན། ནམ་མཁའ་ཚུལ་ཁྲིམས། ཆོས་ཀྱི་སེང་གེ་ཀུན་དགའ་གཞོན་ནུ། འཇམ་དབྱངས་བློ་གྲོས། དོན་གྲུབ་ལེགས་པ། ཏཱ་ར་ནཱ་ཐ་མན་གོང་བདེ་མཆོག་ལཱུ་ཧི་པའི་ཇོ་ལུགས་བརྒྱུད་པ་ལྟར་རོ། །ཡང་ཇོ་ནང་བདེ་རམས་བརྒྱུད་པ་ལྟར་ན། ངོར་ཆེན་ནས། མུས་ཆེན། ཤཱཀྱ་མཆོག་ལྡན། བྲག་དམར་བ། རབ་གསལ་ཟླ་བ་མགོན་པོ། གྲོལ་མཆོག་ལྷ་དབང་གྲགས་པ། ཏཱ་ར་ནཱ་ཐ་མན་གོང་བདེ་རམས་ལྟར་རོ། །ཡང་ན་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་དྲིལ་བུ་པ། དེ་ཝ་པུརྞ། གསུམ་གས་ཁ་ཆེ་པཎ་ཆེན་མན་འདྲའོ༎ ་༎ གྲུབ་ཆེན་མཻ་ཏྲི་པས་རྩ་བརྒྱུད་ཀྱི་དགོངས་པ་ལྟར་བཀྲལ་བའི་འཁོར་ལོ་བདེ་མཆོག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་འབྲུག་པ་པད་དཀར་དང་། རྒྱལ་དབང་ཆོས་རྗེའི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། རི་ཁྲོད་པ་དབང་ཕྱུག་།མངའ་བདག་མཻ་ཏྲི་གུཔྟ། ཏི་ཕུ་གསང་སྔགས་སྡོང་པོའམ་དྲི་མེད་བཤེས་གཉེན། བ་རེག་ལོ་ཙཱ་བ། རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བ་ལོ་རས། སུམ་པ་རས་པ། གླིང་རས་པདྨ་རྡོ་རྗེ། གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ། དགའ་ལྡན་བསོད་ནམས་དར། འགིང་ཕུ་བ་ངེས་འབྱུང་དར། འོད་ཟེར་རྒྱ་མཚོ། སངས་རྒྱས་རས་པ། སྐྱེས་མཆོག་སྨོན་ལམ་དཔལ། ལུང་མང་པོ་ཡོན་ཏན་བཟང་པོ། ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་རྒྱལ། རྣམ་རྒྱལ་བཀྲ་ཤིས། ཀུན་དགའ་གྲོལ་མཆོག་།བྲག་སྟོད་ལྷ་དབང་གྲགས་པ། ཀུན་དགའ་སྙིང་པོ།