R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 121
[A:121] ཡེ་ཤེས་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། བཀའ་བརྒྱུད་ཕྲིན་ལས་ཤིང་རྟའམ་ཆོས་ཀྱི་སྣང་བ། རྒྱ་ཡེ་རྡོར་སྤྲུལ་སྐུ་ངེས་དོན་བསྟན་འཛིན། ཚེ་དབང་ཀུན་ཁྱབ། ཀརྨ་རིན་ཆེན། ཀརྨ་འོད་གསལ་འགྱུར་མེད། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་སམ། ཡང་ན། ཀརྨ་འོད་གསལ་འགྱུར་མེད་ནས། བླ་མ་ཡེ་ཤེས་ཕུན་ཚོགས། སྤྲུལ་སྐུ་འཇམ་དཔལ་ཕྲིན་ལས་རྒྱ་མཚོ། དཀོན་མཆོག་བསྟན་པ་རབ་རྒྱས། ཞྭ་ལུ་བློ་གསལ་བསྟན་སྐྱོང་། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཇོ་ནང་བདེ་རམས་ལྟར་ཐོབ་པའི་བརྒྱུད་པ་ནི། ངག་དབང་ཡོན་ཏན་རྒྱ་མཚོ་ལས་ཐོབ་པ་ཙམ་མ་གཏོགས་གོང་དང་འདྲའོ༎ ་༎ཡང་། འབྲུག་ལུགས་བདེ་མཆོག་ལྷ་བཅུ་གསུམ་མ་གོང་མཻ་ཏྲི་ལུགས་དང་ལྷ་སྔགས་གཅིག་པས་དབང་བསྐུར་ཟུར་དུ་མ་དགོས་ཀྱང་། བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ། མཐའ་རྩ་བ། གླིང་རས། རྒྱ་རས། སངས་རྒྱས་དབོན་རས། གཞོན་སེང་། ཉི་སེང་། སེང་གེ་ཤེས་རབ། སྤོས་སྐྱ་པ། བཅུ་གསུམ་པ། ཀུན་སེང་། རྡོ་རྗེ་རིན་ཆེན། བློ་གྲོས་སེང་གེ་ཤེས་རབ་སེང་གེ་ཡེ་ཤེས་རིན་ཆེན། ནམ་མཁའ་དཔལ་བཟང་། ཤེས་རབ་བཟང་པོ། ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་རྒྱལ། ཆོས་གྲགས། ངག་དབང་གྲགས་པ། ངག་གི་དབང་ཕྱུག་པདྨ་དཀར་པོ། ངག་དབང་བཟང་པོ། མི་ཕམ་བློ་གྲོས། དཔག་བསམ་དབང་པོ། ཀུན་དགའ་ལྷུན་གྲུབ། མི་ཕམ་ཆོས་ཀྱི་དབང་ཕྱུག་དགེ་ལེགས་བཞད་པ། འཇམ་