R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 123
[A:123] དབོན་སྤྲུལ་ཀརྨ་ཐེག་མཆོག་གསུམ་གས་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎ ་ རྗེ་ནཱ་རོ་ཏ་པའི་མན་ངག་ཡུམ་བཀའ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དཀྱིལ་འཁོར་དུ་མཐོང་བ་དོན་ལྡན་གྱི་སྒྲུབ་དཀྱིལ་དང་། སི་ཏུ་ཉིན་བྱེད་དབང་པོའི་དབང་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། དྭགས་པོ་བསོད་ནམས་རིན་ཆེན། རྗེ་དུས་གསུམ་མཁྱེན་པ། རས་ཆེན། སྤོམ་བྲག་པ། ཀརྨ་པཀྴི། མཁས་གྲུབ་ཨོ་རྒྱན་པ་རིན་ཆེན་དཔལ། རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོའི་བར་ཆིག་བརྒྱུད་དང་། དེ་ནས་དེ་བཞིན་གཤེགས་པ། སོག་དབོན་རིག་པའི་རལ་གྲི་དང་། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་གཉིས། གཉིས་ཀས་མཐོང་བ་དོན་ལྡན། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དཔལ་འབྱོར། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག། ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་སྙིང་པོ། ཡེ་ཤེས་རྡོ་རྗེ། ཆོས་ཀྱི་དོན་གྲུབ། སི་ཏུ་བསྟན་པའི་ཉིན་བྱེད། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཐེག་མཆོག་ངེས་དོན་བསྟན་འཕེལ། འཇམ་མགོན་ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎ གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིཪྺ་པས་བདེ་མཆོག་རྩ་བའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་རྡོ་རྗེ་རྣལ་འབྱོར་མ་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་ཐབས་དང་། ནག་པོའི་དཀྱིལ་ཆོག་གི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ་བབས་སོ་གསུམ་ལས། དང་པོ་གོང་དཀར་ལུགས་ནི། རྗེ་བཙུན་མ། ཨ་བྷཱ་ཡ། ལེགས་པའི་བུ། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་སེང་། རྭ་འབུམ་སེང་།