[A:122]
མགོན་དགྱེས་པ། འཇམ་དཔལ་དཔའ་བོ། འབྲུག་པ་གཙུག་ལག་ཆོས་ཀྱི་སྣང་བའི་ལྷ། ཁྱབ་བདག་ཐེག་མཆོག་རྡོ་རྗེ། རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎གྲུབ་དབང་ནཱ་རོ་པས་བདེ་མཆོག་རྩ་བའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་སྒྲུབ་དཀྱིལ་དང་། སི་ཏུའི་མཚམས་སྦྱོར་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་བའི་བརྒྱུད་པ་ནི།
་རྡོ་རྗེ་འཆང་། གྲུབ་ཆེན་ཏཻ་ལོ་པ། གྲུབ་ཆེན་ནཱ་རོ་པ། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པའི་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། ཀརྨ་ཞྭ་ནག་སྐུ་ཕྲེང་དང་པོ་རྗེ་དུས་གསུམ་མཁྱེན་པ་ཆོས་ཀྱི་གྲགས་པ། རས་ཆེན་སངས་རྒྱས་གྲགས་པ། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། རྗེ་གཉིས་པ་ཀརྨ་པཀྴི་ཆོས་ཀྱི་བླ་མ། གཉན་རས་པ་དགེ་འདུན་འབུམ། རྗེ་གསུམ་པ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། རྗེ་བཞི་པ་རོལ་པའི་རྡོ་རྗེ། ཞྭ་དམར་མཁའ་སྤྱོད་དབང་པོ། རྗེ་ལྔ་པ་དེ་བཞིན་གཤེགས་པ། རཏྣ་བྷ་དྲ། རྗེ་དྲུག་པ་མཐོང་བ་དོན་ལྡན། བན་སྒར་འཇམ་དཔལ་བཟང་པོ། རྗེ་བདུན་པ་མཚོ་སྐྱེས་རྡོ་རྗེའམ་ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ་བཀྲ་ཤིས་དཔལ་འབྱོར། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ། ཞྭ་དམར་དཀོན་མཆོག་ཡན་ལག་རྗེ་དགུ་པ་དབང་ཕྱུག་རྡོ་རྗེ། སི་ཏུ་ཆོས་ཀྱི་དབང་ཕྱུག། རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེ། ཞྭ་དམར་ཡེ་ཤེས་སྙིང་པོ། རྗེ་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ། ཞྭ་དམར་བརྒྱད་པ་ཆོས་ཀྱི་དོན་གྲུབ། རྗེ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ། སི་ཏུ་ཆོས་ཀྱི་འབྱུང་གནས། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། རྗེ་ཀརྨ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ། དེ་གཉིས་ཀས་