R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 125
[A:125] རྡོ་རྗེ། ལྷན་སྐྱེས་རྡོ་རྗེ། ཆོས་དབང་། བདུད་ལས་རྒྱལ། ས་འཛིན་ཞབས། དཔའ་བོ། དཔལ་གྱི་བཤེས་གཉེན། ཆོས་གྲགས། རིན་ཆེན་གྲགས་པ། ནགས་རིན། བྱམས་གླིང་པ། བསོད་ནམས་ཚེ་བརྟན། རིན་ཆེན་ཆོས་དབང་། བསྟན་བཟང་རིན་ཆེན། གྲགས་པའི་བ་དན། ཀུན་དགའ་རྒྱལ་མཚན། ཏཱ་ར་ནཱ་ཐ་མན་མཻ་ཏྲི་བདེ་མཆོག་དང་འདྲའོ༎ ་༎ དཔལ་ས་སྐྱ་པའི་གསེར་ཆོས་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཚར་ཆེན་གྱི་སྒྲུབ་དཀྱིལ་དང་། བློ་གསལ་ཞབས་ཀྱི་དབང་ཆོག་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། དཔལ་མཆོག་རྡོ་རྗེ་ཆོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། ཌེཾ་གི་པ། ཨནྟ་ར་པ། ཏཻ་ལོ་པ། པཎ་གྲུབ་ནཱ་རོ་ཏ་པའམ། ཉེ་བརྒྱུད་ལྟར་ན། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ནཱ་རོ་ཏ་པ་ཞེས་འབྱུང་། གང་ལྟར་ཡང་། དེ་ནས་ཕམ་མཐིང་པ། གཅེན་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་ཕྱུག་ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་པ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་