R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 126
[A:126] མཁྱེན་བརྩེའི་དབང་ཕྱུག་མཁན་ཆེན་བསླབ་གསུམ་རྒྱལ་མཚན། ཁྱབ་བདག་དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རྣལ་འབྱོར་འཇམ་དཔལ་བཟང་པོ། དེ་གཉིས་ཀས་རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། ཀུན་དགའ་བསྟན་འཛིན་ནས། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁན་ཆེན་འཇམ་དབྱངས་ཤེས་རབ་རྒྱ་མཚོ། དེས་སོ། །ཡང་ན། ཀུན་དགའ་བསྟན་འཛིན་ནས། སྐྱེ་རྒུ་ཀུན་དགའ་དཔལ་འབྱོར། མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་ལའོ། །ཡང་ན། མཁྱེན་བརྩེ་ནས། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲ། ཡང་ན། ཀུན་བློ་ནས། ཡར་ཀླུང་པ་ནམ་མཁའ་ལེགས་པ་དང་། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་གཉིས། གཉིས་ཀས་འདྲེན་མཆོག་ངག་དབང་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན་མན་འདྲ། ཡང་ན། ཀུན་བློ་ནས། འཆི་མེད་བསྟན་པའི་ཉི་མ། འཇམ་མགོན་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་། རྗེ་མཁྱེན་བརྩེའི་ཞབས། དེས་སོ། །ཡང་ན། ཀུན་བློ་ནས། རྗེ་ཕྱོགས་ལས་རྣམ་རྒྱལ། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་མཁྱེན་བརྩེའི་ཞབས། དེས་སོ། །ཡང་ན། གནས་གསར་པ་ནས། མུས་ཆེན་བསོད་ནམས་དཔལ་