R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 127
[A:127] བཟང་། ཆོས་ཉིད་ཡེ་ཤེས། བསོད་ནམས་དབང་ཕྱུག་ཤར་རྩེ་བློ་བཟང་ཡོན་ཏན། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་བླ་མ་མཁྱེན་བརྩེའི་ཞབས། དེས་སོ། །ཡང་ན། གནས་གསར་པ་ནས། བོད་འབྲུག་བློ་གསལ་ཕུན་ཚོགས། ལྕེ་བཙུན་བསྟན་འཛིན་ཕྲིན་ལས། བཀའ་འགྱུར་བ་དགའ་ལྡན་བསྟན་འཛིན། རྗེ་དགའ་ལྡན་རབ་རྒྱས། མཁས་གྲུབ་དབང་ཕྱུག་ཆོས་བཟང་། རིན་ཆེན་བློ་གསལ་བསྟན་སྐྱོང་། རྗེ་བླ་མ་མཁྱེན་བརྩེའི་དབང་པོ། དེས་སོ༎ ་༎ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་སྟོད་ནས་ཤླཽ་ཀ་བཅུ་གཅིག་ལ་བརྟེན་ནས་དུས་ཀྱི་འཁོར་ལོ་དང་མཐུན་པར་བཀྲལ་བའི་དཔལ་འཁོར་ལོ་སྡོམ་པ་སྟོད་འགྲེལ་ལུགས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་ཇོ་ནང་གི་སྒྲུབ་ཐབས་དང་། སི་ཏུའི་དཀྱིལ་ཆོག་གི་སྟེང་ནས་དབང་བདུན་གོང་མ་གོང་ཆེན་བཅས་ཐོབ་པའི་བརྒྱུད་པ་ནི། ཧེ་རུ་ཀ་དཔལ་འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། དཔལ་ཕྱག་ན་རྡོ་རྗེ། རིགས་ལྡན་རྒྱལ་དགའ། གྲུབ་ཐོབ་བསོད་སྙོམས་པ། གཉིས་སྤང་ཞབས། ཞི་བའི་འབྱུང་གནས། སྦས་པའི་བློ་གྲོས། སངས་རྒྱས་བྱེད་པ། སངས་རྒྱས་འོད་བྱེད། སིངྷ་ཀེ་ཏུ། ཤྲཱི་ཧ་ནུ། རྣམ་གྲོལ་ལྷ། བཛྲ་དེ་ཝ། ར་ཏི་གུཔྟ། གྲུབ་ཆེན་ཞི་བ་སྦས་པ། ལྷའི་འབྱུང་གནས། པཎྜི་ཏ་པཱུརྞ་བཛྲ། ཇོ་ནང་ལོ་ཙཱ་བ་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ། གནས་བརྟན་རིན་ཆེན་རྒྱ་མཚོ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། གྲུབ་ཆེན་ཀུན་བཟང་དབང་པོ། ཀཿཐོག་ཚེ་དབང་ནོར་བུ། ཀུན་མཁྱེན་སི་ཏུ་ཆོས་འབྱུང་། ལོ་ཆེན་ཚེ་དབང་ཀུན་ཁྱབ། དབོན་སྤྲུལ་ངེས་དོན་བསྟན་འཛིན། ཀརྨ་འོད་གསལ་འགྱུར་མེད། པཎྜི་ཏ་ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོ། དེས་བདག་ལའོ༎ ་༎