R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 133
[A:133] དབང་ཀུན་ཁྱབ་བམ། ཡང་ན། ཞྭ་དམར་ཆོས་གྲགས་ནས། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག་།དཔའ་བོ་གཙུག་ལག་ཕྲེང་བ། ཞྭ་དམར་ལྔ་པ་དཀོན་མཆོག་འབངས། རྗེ་དབང་ཕྱུག་རྡོ་རྗེ། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་འབྲི་གུང་ཆོས་གྲགས། པཎ་ཆེན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། ལྷོ་སྤྲུལ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། བྲབ་ཤི་ཀརྨ་རྣམ་རོལ། ཚེ་དབང་ཀུན་ཁྱབ་མན་བདེ་རམས་སྔ་མ་རྣམས་ལྟར་རོ། །ཡང་། མར་དོ་ལུགས་ལྟར་ན། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཛཱ་ལནྡྷ་ར། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། མ་ཎི་ཀ་མར་དོ་ཆོས་དབང་། གཟེ་པ་བདེ་མཆོག་རྡོ་རྗེ། གཟེ་པ་བློ་ལྡན་སེང་གེ་ཤཱཀྱ་རྡོ་རྗེ། སངས་རྒྱས་འབུམ། ལོ་མཆོག་པ། གྲགས་པ་སེང་གེ་འཕགས་འོད། བུ་སྟོན། ལོ་ཆེན་བྱང་ཆུབ་རྩེ་མོ། གྲགས་པ་རྒྱལ་མཚན། ཆོས་ཀྱི་རྒྱལ་མཚན། གྲགས་པ་ཡེ་ཤེས། ཀུན་དགའ་གྲོལ་མཆོག་ལྷ་དབང་གྲགས་པ། སྒྲོལ་མགོན་ཞབས་མན་གོང་འོག་བདེ་རམས་བརྒྱུད་པ་སྤྱི་དང་འདྲ་བ་ལ། ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་བཤད་རྒྱུད་ཨ་བྷི་དྷ་ན་ལ་བརྟེན་ནས་བཀྲལ་བའི་བདེ་མཆོག་འཇམ་པའི་རྡོ་རྗེ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་ཇོ་ནང་བདེ་རམས་ཀྱི་སྒྲུབ་ཐབས་དང་། ལཱུ་ཧི་པའི་དཀྱིལ་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཇམ་དཔལ། ངག་དབང་གྲགས་པ། མ་ཏི་བྷ་དྲ། བདེ་ཆེན་རྡོ་རྗེ། ལྷའི་འབྱུང་གནས། མི་འཇིགས་འབྱུང་གནས། གང་བའི་རྡོ་རྗེ། དེས་ཏཱ་ར་ནཱ་ཐ་དང་། ཡེ་ཤེས་རྒྱ་མཚོ་གཉིས། གཉིས་ཀས་ངག་དབང་ཕྲིན་ལས། དེ་ནས་