R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 134
[A:134] དེའི་དབོན་ཀུན་བཟང་དབང་པོ། ཀརྨ་བསྟན་པ་མཐའ་རྒྱས། བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ངེས་དོན་བསྟན་འཛིན། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། འོད་གསལ་འགྱུར་མེད། ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎བཤད་རྒྱུད་ཨ་བྷི་དྷ་ན་ལས་བསྟན་པའི་འཁོར་ལོ་བདེ་མཆོག་བོང་བུའི་ཞལ་ཅན་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་གུ་གེ་པཎ་ཆེན་གྱི་སྒྲུབ་དཀྱིལ་དང་། ཀུན་དགའ་ཆོས་འཕེལ་གྱི་མཚམས་སྦྱོར་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཁྱི་མཁའ་འགྲོ་མ། འབྱུང་གནས་སྦས་པ། དཔེ་མེད་སྲུང་བ་་་་་་ཨ་ནུ་ས་མ་རཀྵི་ཏ། འགྲོ་བོའི་མེ་ལོང་། ་་་་དརྤན་ཨཱ་ཙཱཪྻ། ཀུན་ཏུ་བཟང་པོ། ཡེ་ཤེས་ཀྱི་གློག་དཔལ་ཡིད་ཀྱི་་་་་་ཤྲཱི་མ་ནུ་མནྟ། འགྲམ་པ། འཇམ་དཔལ་བཟང་པོ། སློབ་དཔོན་དཔལ་བཟང་། ཆོས་ཀྱི་གློག་བཟང་པོ། ཡིད་ཀྱི་འཚོ་བ་བཟང་པོ། ངག་གི་དཔལ་བཟང་པོ། དཔལ་རྣམ་རྒྱལ་བཟང་པོ། དཔལ་མྱོས་བྱེད་བཟང་པོ། དཔལ་ཕུན་ཚོགས་བཟང་པོ། དཔལ་ནམ་མཁའ་བཟང་པོ། རྒྱལ་བའི་འཚོ་བ་བཟང་པོ། དཔལ་འཕྲོག་བྱེད་བཟང་པོ། བལ་པོ་སྐལ་ལྡན་བཟང་པོ། བལ་པོ་ཀུན་དགའི་འཚོ་བ་བཟང་པོ། བལ་པོ་མ་ཧཱ་བོ་དྷི། མངའ་རིས་པ་བསམ་གཏན་འོད་ཟེར། གུ་གེ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེའམ་ངག་དབང་ཀུན་དགའ་བསོད་ནམས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་བཙུན་སངས་རྒྱས་རིན་ཆེན། ཐར་པཎ་ནམ་མཁའ་དཔལ་བཟང་། རྣལ་འབྱོར་དབང་ཕྱུག་ངག་དབང་བྱམས་པ་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། གཉིས་ཀས་བླ་མ་རྟ་མགྲིན་དཔལ་བཟང་།