[A:137]
གཞོན་ནུ་ཚུལ་ཁྲིམས། སྣར་ཐང་པ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་གྲགས་པ། བླ་མ་བྱང་ཆུབ་སེང་གེ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུང་རུ་ཤེས་རབ་བཟང་པོ། དེ་གཉིས་ཀས་ཀུན་མཁྱེན་རབ་འབྱམས་པ་བསོད་ནམས་སེང་གེ་བྱས་འགྱུར་བ་བསོད་ནམས་སེང་གེ་མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང་། རིན་ཆེན་དཔལ་ལྡན་དོན་གྲུབ། འཇམ་དབྱངས་དཔལ་མཆོག་རྒྱལ་མཚན། ཁམས་སྟོན་བསོད་ནམས་རྒྱལ་མཚན། མཚུངས་མེད་ཆོས་ཀྱི་རྒྱལ་མཚན། རྡོར་འཆང་བཀྲ་ཤིས་རྒྱ་མཚོ། མཁན་ཆེན་སངས་རྒྱས་ཡེ་ཤེས། ཞལ་དཀར་བ་ངག་དབང་ཤེས་རབ། བླ་མ་ཀུན་དགའ་ཕུན་ཚོགས། དབུ་མཛད་དཀོན་མཆོག་རྒྱལ་མཚན། བཞི་སྡེ་ཆོས་རྗེ་རིན་ཆེན་ཆོས་འཕེལ། རོང་པོ་བླ་མ་ངག་དབང་བཟང་པོ། སྡེ་དགེ་གྲྭ་སྒང་བླ་མ་ཝཱ་གིནྡྲ་བྷ་དྲ། རྡོ་རྗེ་འཛིན་པ་ཆེན་པོ་དཔོན་སློབ་ངག་དབང་ལེགས་གྲུབ། རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཡང་ན། རྡོ་རྗེ་འཆང་ཆེན། ཕྱག་ན་རྡོ་རྗེ། ཏཻ་ལོ་པ། ནཱ་རོ་པ། རྡོ་རྗེ་གདན་པ། དཱ་བྱང་ཆུབ་སེམས་དཔའ། སློབ་དཔོན་ཨ་བྷ་ཡཱ་ཀ་ར། རཏྣ་རཀྵི་ཏ། ཛ་ཡ་སེ་ནཱ་མན་གོང་ལྟར་རམ། ཡང་ན། བཛྲ་དྷ་ར། བཛྲ་པཱ་ཎི། གྲུབ་ཐོབ་པདྨ་བཛྲ་ཆེ་ཆུང་གཉིས། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵྨཱི་ཀ་ར། ཏཻ་ལོ་པ། ནཱ་རོ་པ། བཛྲ་ཨ་སཱ་ནཱ། ཨ་བྷ་ཡཱ་ཀ་ར། རཏྣ་ཤྲཱི། ཛ་ཡ་སེ་ནཱ་མན་གོང་ལྟར་རོ། །ཡང་བདེ་མཆོག་རབ་འབྱམས་ལྟར་ན། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་