[A:141]
སངས་རྒྱས་ཐོད་པའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་དཔལ་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་དཀྱིལ་འཁོར་དུ་རྗེ་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བློ་གྲོས་རིན་ཆེན། གྲུབ་ཆེན་ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཤ་བ་རཱི་པ། མཻ་ཏྲི་པ། མར་པ་ཆོས་ཀྱི་བློ་གྲོས། གཙང་རོང་མེས་སྟོན། རྒྱ་རྣལ་འབྱོར་པ། གཉིས་ཀས་ཁམས་པ་རོ་མཉམ་རྡོ་རྗེ། དེ་ནས་ཡོན་ཏན་གྲགས་པ། ཁམས་པས་ཕུག་ཤཱཀྱ་རྡོ་རྗེ། གཉལ་པ་ཇོ་སྲས་ཆོས་གྲགས། ཁམས་ཆེན་རྒན་མོ་ལྷས་པ། བླ་མ་བསོད་ནམས་འཕེལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། གཡུང་སྟོན་རྡོ་རྗེ་དཔལ། གྲགས་པ་ཚུལ་ཁྲིམས། བྱང་ཆུབ་སེང་གེ་ས་བཟང་འཕགས་པ། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་ཀུན་དགའ་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། མུས་ཆེན་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཀརྨ་ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། འོད་གསལ་འགྱུར་མེད། ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཡང་ན། མར་པ་ཆོས་བློ་ནས། མཚུར་སྟོན་དབང་གི་རྡོ་རྗེ། འཁོན་སྟོན་གད་པ་ཀཱིརྟི། ཡར་ལུང་ས་སྙེགས་དམར་པོ། འགོས་རི་ཁྲོད་དབང་ཕྱུག་བལ་པོ་དབང་མགོན། རིན་ཆེན་བཟང་པོ། གན་པ་རིན་ཆེན་རྒྱལ་མཚན། ཀུན་དགའ་བསོད་ནམས། བག་སྟོན། གཡུང་སྟོན། གྲགས་ཚུལ། བྱང་སེང་། ས་བཟང་། བླ་མ་ནམ་མཁའ་བཟང་པོ། མར་སྟོན་རྒྱལ་མཚན་