R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 142
[A:142] འོད་ཟེར། མཁན་ཆེན་ཀུན་དགའ་རྒྱལ་མཚན། ལོ་ཆེན་བསོད་ནམས་རྒྱ་མཚོ། ཞྭ་དམར་ཆོས་ཀྱི་གྲགས་པ། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག་མན་གོང་འཁོར་ལོས་སྒྱུར་དྲུག་བཞིན་ནོ། །ཡན་ཇོ་ནང་ལུགས་ལྟར་ན། བག་སྟོན་ནས། མཁས་གྲུབ་བྲག་དཀར་བ། ཁྱུང་པོ་ལྷས་པ། ཀུན་དགའ་བློ་གྲོས། གྲགས་པ་རིན་ཆེན། ནམ་མཁའ་ཚུལ་ཁྲིམས། ཟླ་བ་རྒྱལ་མཚན། ཆོས་ཀྱི་སེང་གེ་ཏཱ་ར་ནཱ་ཐ། ཕྲིན་ལས་དབང་མོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། བློ་གྲོས་བཟང་པོ། གཙུག་ལག་དགའ་དབང་། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། འོད་གསལ་འགྱུར་མེད། ཡོན་ཏན་རྒྱ་མཚོ། དེས་སོ། །ཡང་ན། ཁམས་ཆེན་རྒན་མོ་ལྷས་པ་ནས། ཡེ་ཤེས་རིན་ཆེན། འཇམ་དབྱངས་ཆེན་མོ། རྒྱ་སྟོན་ཐམས་ཅད་མཁྱེན་པ། བག་སྟོན་མན་འདྲ། ཡང་ན། ཡེ་ཤེས་རིན་ཆེན་ནས། སྨོན་ལམ་མགོན་པོ། ཞུ་སྟོན་པ། དམར་བྱང་ཆུབ་ཆེན་པོ། བག་སྟོན་མན་གོང་ལྟར་རོ༎ ་༎གསུམ་པ་གྲུབ་ཆེན་ཀུ་ཀུ་རི་པས་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་ལྷ་ལྔའི་དཀྱིལ་འཁོར་དུ་རྗེ་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དཔལ་ཧེ་རུ་ཀ་རྡོ་རྗེ་མཁའ་འགྲོ་མ། གྲུབ་ཆེན་ཀུ་ཀུ་རི་པ། ས་རོ་རུ་ཧ་བཛྲ། ཌོམྦི་པ། ཏཻ་ལོ་པ། ནཱ་རོ་པའམ། ཡང་ན། ཀུ་ཀུ་རི་པས་ནཱ་རོ་པ། ནག་པོ་ཤཱནྟི་བྷ་དྲ། མཻ་ཏྲི་པ་གསུམ། དེ་གསུམ་གས་མར་པ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་།དེས་རྔོག་ཆོས་སྐུ་རྡོ་རྗེ། བ་རོང་གི་སྦ་ཆག་གཉིས། གཉིས་ཀས་རྔོག་མདོ་སྡེའམ་ཞེ་སྡང་རྡོ་རྗེ། དེ་ནས་རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་སངས་རྒྱས་ཡོན་ཏན། རྔོག་དོན་གྲུབ་དཔལ་བཟང་། རྔོག་བྱང་ཆུབ་དཔལ། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། ཞྭ་དམར་བཞི་པ་སྤྱན་སྔ་ཆོས་གྲགས།