R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 144
[A:144] པ་སེང་གེ་འཕགས་འོད། བུ་སྟོན་མན་འདྲའོ། །ཡང་ཇོ་ནང་བརྒྱུད་པ་ལྟར་ན། རྔོག་གཟི་བརྗིད་གྲགས་པ་ཡན་གོང་ལྟར་ལ། དེ་ནས་རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ་བཟང་། རྔོག་བྱང་ཆུབ་དཔལ་བཟང་། རྔོག་རིན་ཆེན་དཔལ་བཟང་། རྔོག་བྱང་ཆུབ་དཔལ་གྲུབ། རྔོག་བཀྲ་ཤིས་དཔལ་གྲུབ། རྔོག་བློ་གྲོས་དཔལ་བཟང་། རྔོག་དཔལ་འབྱོར་ལྷུན་གྲུབ། རྔོག་འཇམ་དབྱངས་འོད་ཟེར། ཀུན་དགའ་གྲོལ་མཆོག་བྲག་སྟོད་པ་ལྷ་དབང་གྲགས་པ། ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཚེ་དབང་ནོར་བུ། ཕྲིན་ལས་ཤིང་རྟ། ངེས་དོན་བསྟན་འཛིན། ཚེ་དབང་ཀུན་ཁྱབ། ཀརྨ་རིན་ཆེན། འོད་གསལ་འགྱུར་མེད། ཡོན་ཏན་རྒྱ་མཚོས་སོ། །ཡང་ན། ནཱ་རོ་པ་ནས། པཎ་ཆེན་ཤཱནྟི་པ། ཇོ་བོ་ཨ་ཏི་ཤ་།རོང་པ་མགར་དགེ་ཀློག་སྐྱ་སྟོན་པ་ལྷ་རྗེ། རྒྱ་སྟོན་ཚུལ་ཁྲིམས་ཤེས་རབ། སྟེང་པ་ཐུགས་རྗེ་ཟླ་གསལ། འཕར་ལུང་རྒྱལ་སྲས། རྐྱང་པོ་ཉི་མ་ཤེས་རབ། རོང་པ་ཟླ་ཚ་བ་དར་རྒྱས་པ། རོང་པ་ཟླ་ཚ་བ་གྲགས་པ་ཤེས་རབ། སྤེན་ཕུག་པ་བསོད་ནམས་མཛེས་པ། བླ་མ་གྲགས་པ་སེང་གེ་འཕགས་འོད། བུ་སྟོན་མན་གོང་དང་འདྲའོ༎ ་༎བཞི་པ་ཨ་རལླིའི་དབང་རྒྱུན་ནི་མི་བཞུགས་སོ༎ ་༎གཉིས་པ་རྣམ་སྣང་གི་རིགས་གཙོ་བོར་སྟོན་པའི་རྒྱུད་ལ་གདན་བཞི་ཡབ་བཀའ་ཡུམ་བཀའ་གཉིས་ལས། དང་པོ་ནི། སློབ་དཔོན་ཨཱཪྻ་དེ་ཝས་རྡོ་རྗེ་གདན་བཞིའམ་གསེར་གྱི་ཆར་པར་གྲགས་པའི་རྩ་རྒྱུད་དང་། བཤད་རྒྱུད་མནྡྲ་ཨུ་པ་ལ་བརྟེན་ནས་བཀྲལ་བའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་གདན་བཞི་ལྷ་དགུ་བཅུ་རྩ་བདུན་མའི་དཀྱིལ་འཁོར་དུ་རྗེ་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། འཕགས་པ་ཀླུ་སྒྲུབ།