R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 145
[A:145] སློབ་དཔོན་ཨཱཪྻ་དེ་ཝ། ཏཻ་ལོ་པ། ནཱ་རོ་པ། བལ་པོ་དགེ་བའི་གོ་ཆ། སྤྱི་ཐེར་བ་རྣམ་རྒྱལ་བཟང་པོ། བྱང་ཆུང་བ། ལྷོ་བྲག་མར་པ་ལོ་ཙཱའམ། ཡང་ན། ཨཱཪྻ་དེ་ཝ་ནས། མཁའ་འགྲོ་མ་མི་རུས་ཀྱི་རྒྱན་ཅན། དེ་ལས་མར་པས་སམ། ཡང་ན། ནཱ་རོས་མཻ་ཏྲི་པར། དེས་ཡུམ་མཁའ་འགྲོ་མ་ཆུ་ཤིང་གི་སྙེ་མ་ཅན། དེ་ལས་མར་པ། དེ་ནས་རྔོག་ཆོས་སྐུ་རྡོ་རྗེ་ནས། ངག་དབང་ཡོན་ཏན་རྒྱ་མཚོས་བདག་བློ་གཏེར་ལ་གནང་བའི་བར་གོང་མ་ཧཱ་མཱ་ཡཱའི་རྩ་བའི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །ཡང་ན། རྔོག་ཆོས་སྐུ་རྡོ་རྗེ་ནས། རྔོག་ཞེ་སྡང་རྡོ་རྗེ་རྒྱ་ཚ་རྭ་ལོ། རྔོག་ཚ་ཆོས་སྐུ། རྔོག་ཚ་དཀོན་མཆོག་དཔལ། རྔོག་ཡོན་ཏན་མཐའ་བྲལ། ་་་་དྲན་སྟོན་ཡང་སྣང་ངོ་། བྲག་སྟེང་ཤེས་རབ་བཟང་པོ། གྲུབ་ཆེན་མན་ལུང་གུ་རུ། མན་ལུང་ཀུན་མཁྱེན། འཇམ་གླིང་སངས་རྒྱས་རྡོ་རྗེ། རིག་འཛིན་ཚུལ་ཁྲིམས་མགོན་པོ། རྔོག་རིན་ཆེན་བྱང་ཆུབ་དཔལ་བ། ལོ་ཆེན་བསོད་ནམས་རྒྱ་མཚོ་མན་ཡང་མཱ་ཧཱ་མཱ་ཡཱ་དང་འདྲའོ༎ ་ ༎གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་བཀའ་སྲོལ་ལས་བྱོན་པའི་གདན་བཞི་ཡུམ་བཀའ་ཡེ་ཤེས་དབང་ཕྱུག་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་རྗེ་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཏཻ་ལོ་པ། ནཱ་རོ་པ། མར་ལོ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ། ཞེ་སྡང་རྡོ་རྗེ། རྒྱ་ཚ་རྭ་ལོ་མན་གོང་སོང་མ་ཐག་པའི་ཡབ་བཀའ་བཞིན་ལ། མ་ཧཱ་མཱ་ཡཱར་ཞལ་འཕངས་པའང་འདྲའོ། །ཡང་ན། རྡོ་རྗེ་འཆང་། ཀུ་ཀུ་རི་པ། པདྨ་བཛྲ། ཏཻ་ལོ་པ། ནཱ་རོ་པའམ། ཡང་ན། རྡོ་རྗེ་འཆང་། ཕྱག་རྡོར། ཀླུ་སྒྲུབ། ཨཱཪྻ་དེ་ཝ། ཀུན་ཏུ་བཟང་པོ། སུ་མ་ཏི། དགེ་བའི་གོ་ཆ། རྣམ་རྒྱལ་དབང་པོ། མར་པ་མན་འདྲ། ཡང་ཇོ་ནང་ལུགས་ལྟར་ན། མར་པ་ནས། རྔོག་ཆོས་སྐུ་