R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 150
[A:150] ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའམ། ཡང་ན། ཀུན་བློ་ནས། ནམ་མཁའ་ལེགས་པ་ལྷུན་གྲུབ། ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན། ཤར་བླ་ཀུན་དགའ་དཔལ་ལྡན། དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་སོ། །ཡང་ན། ས་ལོ་ནས། གྲགས་པ་བློ་གྲོས། སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་མན་གོང་ལྟར་རོ༎ ་༎གྲུབ་ཆེན་པདྨ་བཛྲ་དང་སློབ་དཔོན་རྒྱལ་བ་དཔལ་ཡེ་ཤེས་ཀྱིས་པདྨ་འབར་བའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་པདྨ་གར་དབང་གི་རིགས་སུ་གཏོགས་པ་བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བ་ལྷ་ཉེར་གཅིག་མའི་དཀྱིལ་འཁོར་དུ་བུ་སྟོན་གྱི་སྒྲུབ་ཐབས་དང་། ཐུགས་སྲས་ཀྱི་དཀྱིལ་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཛ་ཡ་བཛྲ་དྷ་ར། ཨཱཪྻ་ཨ་བ་ལོ་ཀི་ཏེ། ཛྙཱ་ན་སྱ་ཌཱ་ཀི་ནཱི། ཨཱ་ཙཱཪྻ་པདྨ་བཛྲ། པཎྜི་ཏ་བི་མ་ལ་ཤྲཱི། བི་བྷ་བ་བི་མ་ལ་ཤྲཱི། སུ་མན་ཤྲཱི། རཏྣ་ཨཱ་ཀ་ར། ཤྲཱི་ཨ་མཱ་ར་བྷ་དྲ། གུ་རུ་ཕ་ལ་ཤྲཱི། ཀཥྨཱི་རཱ་སྱ་པཎྜི་ཏ་སུ་མན་ཤྲཱི། ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བ་རིན་ཆེན་གྲུབ། ཐུགས་སྲས་ལོ་ཙཱ་བ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། མཁན་ཆེན་སངས་རྒྱས་དཔལ་རིན། དཀའ་བཞི་པ་རིན་ཆེན་རྒྱལ་མཚན། སྐུ་ཞང་རིན་ཆེན་མཁྱེན་རབ་མཆོག་གྲུབ། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་། ཤར་པ་བྱམས་པ་ཀུན་དགའ་བཀྲ་ཤིས། བླ་མ་ནམ་མཁའ་དཔལ་ལྡན། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་བྱམས་པ་མཁས་བཙུན། མཚུངས་མེད་འཇམ་