R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 149
[A:149] བཤད་བཟང་པོ། དེས་སོ། །ཡང་ན། རས་ཆུང་རྡོ་རྗེ་གྲགས་པ་ནས། ཁྱུང་ཚང་རས་པ། ཤངས་པ་དམར་སྟོན། ཞང་ལོ་ཙཱ་བ། ཁམས་པ་ཤེས་རབ་རྡོ་རྗེ། དབུས་པ་སངས་རྒྱས་གྲགས་པ། བླ་མ་བློ་ལྡན་པ། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་ཆེན་གྲུབ་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྐུ་ཞང་རིན་ཆེན་བཀྲ་ཤིས། རྭ་བསྒྲེང་དཀའ་བཞི་པ། སྐུ་ཞང་སངས་རྒྱས་དཔལ་འབྱོར། དུས་ཞབས་ཤཱཀྱ་དབང་ཕྱུག་འབྲུག་སྤྲུལ་གསུམ་པ་འཇམ་དབྱངས་ཆོས་གྲགས། སྐུ་སྲུང་བ་ཚེ་བདག་བཀྲ་ཤིས། འབྲུག་སྤྲུལ་བཞི་པ་མན་གོང་ལྟར་རོ༎ ་༎མ་རྒྱུད་པདྨའི་རིགས་འཕགས་མ་ཀུ་རུ་ཀུལླེ་ལྷ་ལྔའི་དཀྱིལ་འཁོར་དུ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྗེ་བཙུན་སྒྲོལ་མ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། པཎ་ཆེན་དཱ་ན་ཤཱི་ལ། ས་པཎ་ཀུན་དགའ་རྒྱལ་མཚན། འུ་ཡུག་པ་བསོད་ནམས་སེང་གེ་དགའ་ལྡན་པ་ཀུན་དགའ་བསོད་ནམས། ཉི་ཐོག་པ་ཀུན་དགའ་སྨོན་ལམ། ཡོན་ཏན་དཔལ་པ། ཀུན་དགའ་རྡོ་རྗེ། ཀུན་དགའ་བསོད་ནམས། བྲག་ཕུག་པ་བསོད་ནམས་དཔལ། རི་ཁྲོད་པ་བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། གུ་གེ་གྲགས་པ་རྒྱལ་མཚན། གློ་བོ་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔའི་རྡོ་རྗེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང་། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ངག་དབང་ཀུན་དགའ་ལེགས་འབྱུང་།