[A:152]
ལག་དགའ་དབང་། ངེས་དོན་བསྟན་འཛིན་གཉིས། གཉིས་ཀས་ཚེ་དབང་ཀུན་ཁྱབ་མན་འདྲ། ཡང་ན། ཚེ་ནོར་ནས། སི་ཏུ་ཆོས་འབྱུང་། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། སི་ཏུ་པདྨ་ཉིན་བྱེད་དབང་པོ། འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོས་སོ༎ ་༎
གསང་སྔགས་སྔ་འགྱུར་ལ་བཀའ་གཏེར་དག་སྣང་གསུམ་དུ་བཞུགས་པ་ལས། བཀའ་མ་ཡོ་ག་གསུམ་གྱི་མ་རྒྱུད་རྟ་མཆོག་གི་རིགས་སུ་གཏོགས་པ་ཨ་ནུ་ཕྲིན་ལས་ཕུར་པའི་རྒྱུད་ལ་བརྟེན་ནས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་ལེགས་པར་བཀྲལ་ཏེ་འཁོན་ཀླུའི་དབང་པོ་ལ་སྩལ་བའི་ཕུར་པ་འཁོན་ལུགས་སུ་གྲགས་པ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལྷ་ལྔ་བཅུ་རྩ་གཅིག་པའི་དཀྱིལ་འཁོར་དུ་བླ་མ་དམ་པའི་མངོན་རྟོགས། ཀུན་བསོད་ཀྱི་དཀྱིལ་ཆོག་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུ་དབང་སྲུང་བ། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་རོག་ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། བརྩེ་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། ཆོས་འཕགས་བློ་གྲོས་རྒྱལ་མཚན། ཁའུ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དགའ་ལྡན་པ་ཀུན་དགའ་